ཕ་ཁི་སི་ཐན་གྱིས་རྒྱ་གར་བར་གྱི་ཕྱི་འབྲེལ་འབྲེལ་བའི་རིམ་པ་དམའ་རུ་བཏང་བ་མ་ཟད་ཕྱོགས་གཉིས་ཉོ་ཚོང་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བདུན་ཉིན། ཕ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕ་ཁི་སི་ཐན་ཕྱོགས་ནས་རྒྱ་གར་བར་གྱི་ཕྱི་འབྲེལ་འབྲེལ་བའི་རིམ་པ་དམའ་རུ་གཏོང་རྒྱུ་མ་ཟད་ཕྱོགས་གཉིས་ཉོ་ཚོང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

གསལ་བསྒྲགས་ནང་། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན་གྱིས་དེ་ཉིན་ཙུང་ལིའི་ལས་ཤག་ཏུ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས་རྒྱ་གར་སྲིད་གཞུང་གི་ཕྱོགས་རྐྱང་པའི་ཁྲིམས་འགལ་བྱ་སྤྱོད་རྐྱེན་ལས་བྱུང་བའི་རྫ་དྲག་གནས་བབ་དང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤྲི་སྨིར་ས་ཁུལ་དང་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དངོས་ཡོད་ཚོད་འཛིན་མཚམས་ཐིག་གི་གནས་བབ་སོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་ཅེས་བསྟན་ཡོད།

གསལ་བསྒྲགས་ནང་དེ་མིན་གྱི་བྱ་སྤྱོད་གསུམ་བཟུང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་ཕྱོགས་གཉིས་བཀོད་སྒྲིག་ལ་ཞིབ་བསྡུར་བྱ་རྒྱུ་དང་། གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལྷན་ཚོགས་སུ་གོང་འབུལ་ཞུ་རྒྱུ། ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་ཕ་ཁི་སི་ཐན་གྱི་རང་བཙན་ཉིན་མོར་ཀ་ཤྲི་སྨིར་ས་ཁུལ་གྱི་མང་ཚོགས་ནས་རང་བདག་དབང་ཆ་བརྩོན་ལེན་བྱེད་པའི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་སོགས་ཚུད་ཡོད།

ཕ་ཁི་སི་ཐན་ཕྱི་འབྲེལ་པུས་དེ་ཉིན་དགོང་མོ་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་གཞིར་བཟུང་། པ་ནཀི་སི་ཏན་དུ་བཅའ་སྡོད་རྒྱ་གར་གྱི་མཐོ་རིམ་གཞུང་ཚབ་པ་ཕྱིར་འབུད་བྱ་རྒྱུ་མ་ཟད་རྒྱ་གར་དུ་བཅའ་སྡོད་ཕ་ཁི་སི་ཐན་གྱི་མཐོ་རིམ་གཞུང་ཚབ་པ་ཚོར་སྐོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།