ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཁེ་རོར་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་ཐད་ཙུང་ཐུང་སད་ཤིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༨ཚེས་༦ཉིན་ཨེ་ཅིབ་ཀྱི་ཁེ་རོར་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་ཐད་ཨེ་ཅིབ་ཀྱི་ཙུང་ཐུང་སད་ཤིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། སྐུ་ཉིད་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་རོར་འཇིགས་སྐུལ་འཇབ་རྒོལ་ཚབས་ཆེན་ཕོག་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པ་ཤེས་རྟོགས་ཐུབ་བྱུང་བས་ང་རང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད་ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་མ་ཟད་རྨས་མ་རྣམས་སྔ་ཙམ་དྲག་སྐྱེས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་ལ་ཁ་རྡུང་དྲག་པོ་གཏོང་གི་ཡོད། ཀྲུང་གོའི་ཕྱོགས་ནས་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་འབད་བརྩོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།