རྒྱ་གར་གྱིས་“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པར་ཀྲུང་གོས་ངོ་རྒོལ་བྱས།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་8ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱ་གར་སྲིད་གཞུང་གིས“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པས་རང་རྒྱལ་གྱི་མངའ་ཁོངས་ས་ཆའི་གནད་དོན་དང་འབྲེལ་བའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

  གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གིས“ལ་དྭགས་ཀྲུང་དབྱང་ཐད་གཏོགས་ཁུལ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི་ནང་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་མངའ་ཁོངས་དང་འབྲེལ་བ་ཡོད་ཅིང་། ཀྲུང་གོས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

  ཧྭ་ཁྲུན་ཡིང་གིས་ཀྲུང་གོས་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་རྒྱ་གར་གྱི་སྲིད་འཛིན་དོ་དམ་བྱེད་ཁོངས་ནང་འཇུག་པར་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། ལངས་ཕྱོགས་འདི་ནི་སྲ་བརྟན་དང་འགྱུར་བ་མེད་པ་ཞིག་ཡིན། ཉེ་ཆར་རྒྱ་གར་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་ཐོག་ནས་རྒྱལ་ནང་གི་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་རྣམ་པའི་ཐོག་ནས་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་ལ་མུ་མཐུད་གནོད་འཚེ་བཏང་ཡོད། བྱེད་ཐབས་དེ་དང་ལེན་བྱེད་ཐབས་བྲལ་ལ་ནུས་པ་གང་ཡང་ཐོན་མི་སྲིད། ང་ཚོས་རྒྱ་གར་ཕྱོགས་ལ་མཐའ་མཚམས་ཀྱི་གནད་དོན་ཐད་གཏམ་སྤྱོད་གཟབ་ནན་བྱས་ནས་ཕྱོགས་གཉིས་པོའི་དབར་བཞག་པའི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ནན་པོ་ཞུས་ཏེ་གནད་དོན་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་བའི་བྱ་སྤྱོད་མི་སྤེལ་བའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

  ཡོང་ཁུངས། མི་དམངས་དྲ་བ།