གནམ་མཚོའི་ཟབ་ཚད་འཇལ་བ་སོཊ་ཀྱི་ཚན་ཞིབ་བྱེད་སྒོ་སྤེལ་འདུག
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ལམ། ཀྲུང་གོའི་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཚན་ཞིབ་པས་གནམ་མཚོའི་ཟབ་ཚད་དང་། གནའ་རབས་ཀྱི་ནམ་ཟླའི་གསང་པ་སོགས་ལ་ཞིབ་འཇུག་བྱས་ཡོད་ཅིང་། ཁོང་ཚོ་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་༤༧༡༨ཡོད་པའི་གནམ་མཚོའི་ལྷོ་ངོས་ནས་གྲུ་གཟིངས་ལ་བསྡད་དེ་སྤྱི་ལེ་༡༠ཡི་སར་གནས་པའི་གནམ་མཚོའི་ལྟེ་བའི་གསོར་སྙིང་སྟེགས་བུའི་ཐོག་བསྐྱོད་དེ་ཚན་ཞིབ་བྱེད་སྒོ་སྤེལ་འདུག

  ཚན་ཞིབ་བྱེད་སྒོའི་ཁྲོད་གནམ་མཚོའི་ཟབ་ཚད་ལ་སྨི་༩༤ཡོད་པ་དང་། ཆེས་ཟབ་སར་སྨི་༩༩ཡོད་པ་ཤེས་ཡོད།

  གཞན། ཚན་ཞིབ་པ་ཚོས་ད་དུང་མཚོ་མཐིལ་གྱི་བྲག་སྙིང་བཏོན་ཡོད་ཅིང་། དེ་བརྒྱུད་ནས་ནམ་ཟླའི་འགྱུར་ལྡོག་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་པ་དང་། དེ་ནི་མཚེའུ་ཆེ་གྲས་ནས་བྲག་སྙིང་བཏོན་པའི་ལས་དོན་སྤེལ་ཐེངས་ཐོག་མ་དེ་ཡིན་ལ། མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་སྐོར་ལ་ཤེས་རྟོགས་བྱེད་པར་དོན་སྙིང་གལ་ཆེན་ཡོད།

  ཡོང་ཁུངས། སེམས་ཀྱི་ཞིང་ཁམས།

  ལྟ་སྐུལ། ཝང་ཧྥེ།

  རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།