ཉག་ཆུའི་བེ་ཤ་ཕྱི་ལ་སྐྱེལ་འདྲེན་བྱས།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་བེ་ཤ་འཐུ་བ་དང་ཉོ་ཚོང་བྱེད་བཞིན་པའི་དུས་རེད། ས་གནས་དེ་གའི་མང་ཚོགས་ཀྱིས་རི་འགོ་ནས་གྲོང་ཁྱེར་ལ་བེ་ཤ་འཁུར་བའི་སྐྱེལ་འདྲེན་གྱི་རྣམ་པ་སྒྱུར་བ་དང་། སྐྱེལ་འདྲེན་གྱི་ནུས་ཕྱོད་ཇེ་མཐོར་གཏོང་བ་དང་བེ་ཤ་ལེགས་ཉར་བཅས་འགན་སྲུང་བྱ་ཆེད། མྱུར་སྐྱེལ་ཁེ་ལས་ཀྱིས་བེ་ཤ་གཅིག་འདུས་ཁུལ་དུ་སྒར་ས་7བཙུགས་ནས། མི་མེད་གནམ་གྲུ་བརྒྱ་ལྷག་བཏང་ཞིང་། གཞུང་ལམ་མི་ཐར་སའི་རི་ནང་ནས་འཕུར་གཏོང་བྱས་ཏེ། བེ་ཤ་སོས་པ་གཅིག་ཏུ་བསྡུས་ནས་སྐར་མ་20ཙམ་གྱིས་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4120ཀྱི་རྟེན་གཞི་ལ་སྐྱེལ་ཐུབ་པ་དང་། དེ་ནས་གྲང་ཕྲེང་སྐྱེལ་འདྲེན་ལ་བརྟེན་ནས་རི་འདབས་ཀྱི་བེ་ཤ་སྔོན་གྲབས་སྐྱེལ་འདྲེན་ལྟེ་གནས་སུ་བསྐྱལ་ཐུབ་ཅིང་། དཔག་བརྩིས་བྱས་ན་ཆུ་ཚོད་48ནང་དུ་ཐོན་རྫས་གཞི་རྒྱ་ཆེ་བའི་འཛད་སྤྱོད་ཁྲོམ་རར་འབྱོར་ཐུབ་པ་རེད། མི་མེད་གནམ་གྲུས་ཉག་ཆུའི་བེ་ཤ་རི་འདབས་སུ་སྐྱེལ་འདྲེན་བྱས་པ་ལས་“སྤྱི་ལེ་དང་པོ”ཡི་གནད་དོན་ཐག་བཅད་ཅིང་། ས་གནས་དེ་གའི་བོད་རིགས་མང་ཚོགས་ལ་ཐོན་སྐྱེད་དང་ཡོང་འབབ་ཇེ་མང་དུ་གཏོང་བར་ཕན་ཆེན་པོ་ཐོགས་ཡོད།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།