ཁ་པར་གྱིས་རྫི་བོ་བྱེད་ཐུབ་ཀྱིན་འདུག
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  2018ལོར། རང་རྒྱལ་གྱིས་ཞིང་ཆེན་12ལ་5G དྲ་བ་ཚོད་ལྟའི་ཚུལ་གྱིས་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། སི་ཁྲོན་རྔ་བ་ཁུལ་ཡང་ཚོད་ལྟ་བྱེད་ཡུལ་གྱི་ཁོངས་སུ་ཚུད་ཡོད།

  5G ཡིས་ང་ཚོའི་དྲ་བའི་མྱུར་ཚད་ལྡབ་འགྱུར་གྱིས་མགྱོགས་སུ་གཏོང་ཐུབ་པ་སྟེ། དཔེར་ན་4G ཡིས་སྐར་མ་6ཙམ་སྤྱད་ནས་ཕབ་ལེན་བྱེད་དགོས་པའི་གློག་བརྙན་ཞིག་5Gཡིས་སྐར་ཆ་3ནང་ཕབ་ལེན་བྱེད་ཐུབ་པ་ལྟ་བུ་ལས་གཞན། དེ་ལ་བརྟེན་ནས་ད་དུང་ང་ཚོའི་འཚོ་བའི་ཁྲོད་བསམ་ཡུལ་ལས་འདས་པའི་འགྱུར་བ་འབྱུང་སྲིད་པ་སྟེ། དཔེར་ན་ཉེ་ལམ་རྔ་བ་རུ་5G ཡི་རྫི་བོ་བྱུང་ཡོད་ཅིང་། 5G ལག་རྩལ་ལ་བརྟེན་ནས་ཕྱུག་ཟོག་སྦྲ་གུར་ནང་བསྡད་དེ་འཚོ་ཐུབ་པ་མངོན་དུ་གྱུར་ཡོད་ལ། འབྲོག་པའི་ལས་ཀ་ལྡབ་འགྱུར་གྱིས་ཡང་དུ་བཏང་ཡོད།

  ཕྱུག་ཟོག་གི་ལུས་ཐོག་ཏུ་བརྡ་རྟགས་བསྡུ་ལེན་ཆས་ཤིག་བཏགས་ན། ཕྱུག་ཟོག་དེ་གང་དུ་ཡོད་པ་སོགས་ཁ་པར་ལས་ཤེས་ཐུབ་པ་མ་ཟད། གལ་ཏེ་རྐུན་མས་བརྐུས་ན་ཁ་པར་ལས་ཉེན་བརྡ་ཡང་གཏོང་ཡོང་བ་རེད།

  མ་འོངས་པར། 5Gདྲ་བ་གྲོང་ཁྱེར་ཆེ་ཁག་ལ་ཁྱབ་ཐུབ་པ་མ་ཟད། ད་དུང་ཐག་རིང་ལུང་ཁུག་ཏུ་ཡང་འབྲེལ་མཐུད་ཐུབ་པས་མི་མང་པོར་ཕན་པ་ཆེན་པོ་ཐོགས་སྲིད།

  5Gཞེས་པ་ནི་རབས་ལྔ་བའི་སྤོ་འགུལ་འཕྲིན་གཏོང་ལག་རྩལ་ལ་གོ་ཞིང་། དེ་ལ་བརྟེན་ནས་དྲ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་ད་ལྟ་མངོན་དུ་འགྱུར་མ་ཐུབ་པ་སྟེ་དཔེར་ན་སྨན་པས་ནད་པར་ས་ཆ་གཞན་ཞིག་ནས་གཤག་བཅོས་བྱེད་ཐུབ་པ་སོགས་བསམ་ཡུལ་ལས་འདས་པའི་དོན་མང་པོ་ཞིག་མངོན་དུ་གྱུར་ནས། མ་འོངས་པའི་འཚོ་བ་སྔར་ལས་ལྷག་པའི་སྟབས་བདེ་དང་ངོ་མཚར་ཅན་དུ་བསྒྱུར་ངེས།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། བསོད་ནམས་འཚོ།