བོད་ཀྱི་གྲོང་ཚོ་9རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་གྲས་སུ་ཚུད་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་7ཚེས་28ཉིན། རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་པེ་ཅིང་གི་ཀུའུ་པེ་ཁེའུ་གྲོང་ཚོ་དང་། ཀྲེ་ཅང་གི་ཡུས་གྲོང་ཚོ། ཀུའེ་ཀྲོའུ་ཡི་ཡུན་ཧྲེ་གྲོང་ཚོ། སི་ཁྲོན་གྱི་ཀྲན་ཆི་གྲོང་ཚོ། ཧུའུ་ནན་གྱི་ཧྲེ་པ་ཏུང་གྲོང་ཚོ་བཅས་ཚུད་པའི་གྲོང་ཚོ་320བདམས་ཐོན་བྱུང་བ་རེད།

  རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ།

  བོད་ལྗོངས།

  ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོ།

  སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་གྲོག་རོང་དུ་ཆགས་པ་དང་།གཙོ་བོ་ནས་དང་། དཔྱིད་གྲོ པད་ཁ། སྲན་མ་སོགས་འདེབས་ཀྱི་ཡོད།

  ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་རྦ་ཁ་གྲོང་ཚོ།

  རྦ་ཁ་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་གི་ཁོངས་སུ་གཏོགས་པ་དང་། བར་ལུང་གཙང་པོའི་ལྷོ་ངོགས་དུ་ཆགས་ནས་རྒྱལ་ལམ་318དང་ཟམ་པ་གཅིག་ལས་བར་ཆོད་མེད།

  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོ།

  སྤྲིན་པ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན།

  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ།

  སྐམ་ཐོག་གྲོང་རྡལ་ནི་འཇོ་མདའ་རྫོང་ཤར་རྒྱུད་ཀྱི་རྒྱལ་ལམ་317གྱི་ལམ་རྒྱུད་དུ་ཆགས་ཡོད་པ་དང་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དབར་གཙང་པོ་གཅིག་གིས་བར་ཆོད་ཡོད།

  ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོ།

  བོད་ཀྱི་བྱང་རྩྭ་ཐང་གི་དབུས་སུ་གནས་པའི་འོམ་བུ་ལྷོ་གྲོང་ཚོའི་མིང་དངོས་ལ་འོམ་བུ་ཤང་ལྷོ་གྲོང་མི་ཨུ་ལྷན་ཟེར་ཞིང་། ས་བབ་མཐོ་ཚད་སྨི་4645ཟིན་པ་དང་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་ཁག་གསུམ་པའི་ནང་ཚུད་ཡོད།

  ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོ།

  སྦྲ་ཁ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཁོངས་སུ་གནས་ཡོད།

  ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ།

  པད་ནག་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ཁོངས་སུ་གནས་ཡོད།

  ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ།

  ཡུལ་སྨད་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་ཤང་ཡིན་པ་དང་2018ལོའི་ལོ་མཇུག་བར་དུད་ཚང་9དང་མི་32ལས་མེད། བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་སྐབས་ཡུལ་སྨད་ལ་ཆུ་དང་། གློག ལམ། འཕྲིན། སྦྲག་བཅས་ཤར་གཏོང་ཐུབ་པ་མ་ཟད། ད་དུང་འཕྲོད་བསྟེན་ཁང་དང་བུ་བཅོལ་ཁང་བཙུགས་ཡོད་ལ་རང་བྱུང་འཐུང་ཆུའི་ཐོན་ལས་དང་སྔོ་ཚལ་འདེབས་འཛུགས་སོགས་ཀྱང་འཕེལ་རྒྱས་བྱུང་ཡོད། 2018ལོར་ཡུལ་སྨད་ཀྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་6ཟིན་ཡོད།

  ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་མག་མག་གྲོང་ཚོ།

  མག་མག་མོན་པ་མི་རིགས་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་ཁུལ་གྱི་མཐའ་མཚམས་སུ་ཆགས་པའི་ཤང་ཆུང་ངུ་ཞིག་ཡིན་པ་དང་ཤང་ཡོངས་སུ་སྲིད་འཛིན་གྲོང་ཚོ་གཅིག་ལས་མེད་པ་དེ་ནི་མག་མག་གྲོང་ཚོ་ཡིན་པ་རེད། །

  རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།