ལྷ་ས་རུ་སླར་ཡང་རྒྱན་འགྱེད་མཁན་8བཟུང་འདུག
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  འཆལ་པོ་དང་རྒྱན་འཛུགས། དུག་འཐེན་སོགས་ཀྱི་སྣང་ཚུལ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་དང་། སྤྱི་ཚོགས་ཀྱི་ལུགས་སྲོལ་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བཅས་བྱ་ཆེད། ཉེ་ཆར་ལྷ་སའི་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་རྒྱན་འགྱེད་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་མི་སྣ་8བཟུང་ཞིང་། རྒྱན་འཛུགས་མ་དངུལ་སྒོར་14155གཞུང་བཞེས་བཏང་ཡོད།

  ཟླ་7ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་18ཡས་མས་སུ། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ལ་ཉི་མའི་གླིང་ཕྲན་གྱི་ཇ་ཁང་ཞིག་ཏུ་རྒྱན་འཛུགས་མཁན་ཡོད་པའི་ཐེར་འདོན་འབྱོར་བ་དང་། ཐེར་འདོན་འབྱོར་རྗེས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་མཐིལ་ཕྱིན་བྱས་ནས་ཇ་ཁང་དེར་ཤོ་བརྒྱབ་ནས་རྒྱན་འགྱེད་པའི་ཁྲིན་ཆེ་གེ་མོ་དང་ཅང་ཆེ་གེ་མོ་སོགས་རྒྱན་འགྱེད་མཁན་7དང་། རྒྱན་འགྱེད་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་མཁན་ཇ་ཁང་གི་སྦྱིན་བདག་ཡོན་ཆེ་གེ་མོ་བཅས་བཟུང་པ་རེད།

  མིག་སྔར། མངགས་གཏོང་ཁང་གིས《བདེ་འཇགས་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིན་ཆེ་གེ་མོ་དང་ཅང་ཆེ་གེ་མོ་སོགས་འགྱེད་ནང་ཞུགས་མཁན་7 རེ་རེ་བཞིན་ཁྲིམས་ལྟར་ཉིན་7 རིང་སྲིད་འཛིན་བཀག་སྐྱིལ་བྱ་རྒྱུ་དང་། རྒྱན་འགྱེད་མ་དངུལ་སྒོར་14155གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་ལ། ཇ་ཁང་གི་སྦྱིན་བདག་ཡོན་ཆེ་གེ་མོ་ཉིན་12རིང་སྲིད་འཛིན་བཀག་སྐྱིལ་བྱ་རྒྱུ་མ་ཟད་སྒོར་1000གི་ཆད་པ་བཅད་ཡོད།

  རྒྱན་འགྱེད་ཀྱི་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་ཚ་ནན་གཏོང་རྒྱུ་ལས་གུ་ཡངས་གཏན་ནས་མེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཉེན་རྟོག་ཕྱོགས་ལ་རྒྱན་འགྱེད་མཁན་མཐོང་ཚེ་དེ་མུར་ཐེར་འདོན་བྱས་ཏེ། ཞི་མཐུན་སྤྱོད་གཙང་དང་། བདེ་འཇགས་ལྡན་པའི་སྤྱི་ཚོགས་ཤིག་མཉམ་དུ་བསྐྲུན་རྒྱུའི་སྐུལ་སློང་བྱས་འདུག

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། སྐྱབས་པོ།