རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་ཐོག་བོད་ཀྱི་འཐུས་མི་ཚོགས་པར་ད་བར་གསེར་གྱི་རྟགས་མ་8དང་དངུལ་གྱི་རྟགས་མ་5དང་ཟངས་ཀྱི་རྟགས་མ་2ཐོབ་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚེས་5ཉིན། རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བོད་ཀྱི་འཐུས་མི་ཚོགས་པའི་སྐུལ་སློང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཉིན་ཤས་རིང་གི་འགྲན་བསྡུར་གནས་ཚུལ་ལ་ཕྱོགས་སྡོམ་བྱས་པ་དང་སྦྲགས་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཉིན་ཤས་གོང་ཚོགས་སྒྲིག་ཚན་པ་ཁག་གིས་གྲ་སྒྲིག་ཡག་པོ་དང་འགྲན་ཞུགས་རུ་མིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། རང་ལྗོངས་ཀྱི་ལུས་རྩལ་པར་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་ཐོག་གསེར་གྱི་རྟགས་མ་8དང་། དངུལ་གྱི་རྟགས་མ་5 ཟངས་ཀྱི་རྟགས་མ་2བཅས་དང་། རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཐོག་བྱ་དགའ་ཨང་དང་པོ་1དང་། ཨང་གཉིས་པ་3 ཨང་གསུམ་པ་4བཅས་ཐོབ་ནས། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་བརྙན་ཡག་པོ་དང་། རང་ལྗོངས་ཀྱི་ལུས་རྩལ་གྱི་སྟོབས་ཆེན་ལྗོངས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ། རང་ལྗོངས་ཀྱི་ལུས་རྩལ་ཕོ་རྒོད་དང་རྩལ་ཁྲིད་པ་དང་དེ་བཞིན་ལས་དོན་པའི་འབད་འཐབ་ཆེན་པོས་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་བཅས་གང་ལེགས་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།