མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་8ཚེས་4ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་བསྡུས་མིང་ལ“མགོ་ལོག་ཁུལ་”ཞེས་འབྲི་རྒྱུ)རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་མགོ་ལོག་ཁུལ་རྨ་ཆེན་རྫོང་གེ་སར་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་གཉིས་ལྷག་ཙམ་ཉིན་དེའི་བྱེད་སྒོར་ཞུགས་པ་རེད།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་། མཚོ་སྔོན་ལ་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཡིན་པས། མགོ་ལོག་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་ལ་གཟབ་འཆོར་སྤྲས་ནས། ཐུན་མོང་མིན་པའི་མགོ་ལོག་གི་ཁྱད་ཆོས་ལྡན་པའི་གེ་སར་གྱི་སྲོལ་རྒྱུན་རིག་གནས་དང་། མཐོ་སྒང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་རྨ་ཡུལ་གྱི་གླུ་གཞས་དང་། ཞབས་བྲོ། རྒྱན་ཆ། རོལ་དབྱངས་ལོ་རྒྱུས་སྙན་ངག་སོགས་ཀྱིས། ངོ་མཚར་ཆེ་བའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱས་པ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།