རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གྲུ་ཁའི་འགྲམ་གྱི་ཁུལ་གསར་པའི་སྤྱིའི་འཆར་འགོད་ཞེས་པ་པར་འགྲེམ་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གྲུ་ཁའི་འགྲམ་གྱི་ཁུལ་གསར་པའི་སྤྱིའི་འཆར་འགོད་ཞེས་པ་པར་འགྲེམ་བྱས་ཡོད་པ་རེད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲའུ་ཝེན་གྱིས་སྤྱི་ཚེས་6ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག སྤྱིའི་འཆར་འགོད་དེ་ནི་རྒྱལ་སྤྱིའི་ཐོག་ཚང་མས་ཁས་ལེན་བྱེད་པའི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་རང་མོས་ཉོ་ཚོང་ཁུལ་ཚད་གཞིར་འཛིན་ཡོད་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཅུང་ཆེན་པོ་ལྡན་པའི་སྒོ་དབྱེའི་སྲིད་ཇུས་དང་ལམ་ལུགས་ལག་བསྟར་བྱས་ཏེ། ཕྱི་ཕྱོགས་སྒོ་དབྱེའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་ཞུ་དེ་བས་ཡག་པོ་བྱས་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གྲུ་ཁའི་འགྲམ་གྱི་ཁུལ་གསར་པའི་སྤྱིའི་འཆར་འགོད་ལས་མངོན་པར། སྤྱི་ཡོངས་ནས་འཆར་འགོད་བྱེད་པ་དང་། གོམ་སྟོབས་དབྱེ་ནས་ལག་བསྟར་བྱེད་པའི་རྩ་དོན་ལྟར། ཁུལ་གསར་པར་ནན་ཧུའེ་གྲོང་གསར་དང་། གྲུ་ཁའི་འགྲམ་གྱི་སྒྲིག་ཆས་ཐོན་ལས་ཁུལ། ཞའོ་ཡང་ཧྲན་གླིང་ཕྲན། ཕུ་ཏུང་གནམ་ཐང་གི་ལྷོ་ཕྱོགས་སོགས་ས་ཁོངས་སྔོན་ལ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོ་སྙོམས་གྲུ་བཞི་མ་119.5ཡོད་པ་རེད།

ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲའུ་ཝེན་གྱིས། སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་གྱི་ཉེན་ཁའི་གནོན་ཤུགས་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁུལ་གསར་པ་དང་ས་ཁོངས་ཕྱི་རོལ་བར་མ་འཇོག་དང་ཚོང་གཉེར་སྟབས་བདེ་དང་། ཚོང་ཟོག་རང་མོས་ཕྱིར་གཏོང་ནང་འདྲེན། མ་དངུལ་འཁོར་རྒྱུག་སྟབས་བདེ། སྐྱེལ་འདྲེན་ཚད་མཐོའི་སྒོ་དབྱེ། མི་སྣ་རང་མོས་ལས་ཞུགས། ཆ་འཕྲིན་མགྱོགས་མྱུར་འབྲེལ་མཐུད་བཅས་མངོན་འགྱུར་ཡོང་བ་བྱས་ཏེ། རྒྱལ་སྤྱིའི་ཁྲོམ་རའི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ལྡན་པའི་དམིགས་བསལ་དཔལ་འབྱོར་ནུས་པའི་ཁུལ་གཏོད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལ་ཞབས་ཞུ་བྱེད་པ་དང་དེའི་ནང་ཞུགས་པ། དེ་བས་ཡག་པའི་སྒོ་ནས་ཕྱི་ཕྱོགས་སྒོ་དབྱེའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་ཞུ་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཡན་གྱིས། ཧྲང་ཧའེ་ཡིས་སྤྱིའི་ཇུས་གཞིའི་ལས་འགན་དང་བྱ་ཐབས་ཁག་ཞིབ་ཕྲ་བཟོས་ནས་རིགས་ཆེ་བ་གསུམ་གྱི་བཀོད་སྒྲིག་ཁག་78ལ་དབྱེ་ཡོད། མ་དངུལ་གྱི་ཐད། ཧྲང་ཧའེ་ཡིས་ཁུལ་གསར་པའི་ཆེད་དོན་གོང་འཕེལ་མ་དངུལ་བཏང་ནས། ལོ་ལྔའི་ནང་མ་དངུལ་གཏོང་ཚད་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་1000ལས་མི་ཉུང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།