ཀྲུང་གོ་ནི་འཛའ་ཐང་ཁ་ལོ་སྒྱུར་མཁན་རེད་ཅེས་དམའ་འབེབས་གཏོང་བ་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་པའི་རིང་ལུགས་རེད་ཅེས་པའི་རྒྱལ་སྤྱིའི་དཔྱད་གླེང་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་འགོ་བརྗོད་དུ་ཀྲུང་གོ་ནི་འཛའ་ཐང་ཁ་ལོ་སྒྱུར་མཁན་རེད་ ཅེས་དམའ་འབེབས་གཏོང་བ་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་པའི་རིང་ལུགས་རེད་ཅེས་པའི་རྒྱལ་སྤྱིའི་དཔྱད་གླེང་དེ་ཞུ་རྒྱུ་ཡིན།

དཔྱད་གླེང་ནང་། ཨ་རིས་ཀྲུང་གོ་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་གྲས་སུ་འཇུག་རྩིས་བྱེད་པ་ནི། ཨ་རིའི་ནོར་སྲིད་པུས་རང་ཉིད་ནས་གཏན་འབེབས་བྱས་པའི་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཟེར་བའི་ཚད་གཞི་དང་མི་མཐུན་པ་མ་ཟད། དེ་བས་ཀྱང་རང་སྣང་གང་ཤར་གྱི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་གཅིག་ཡིན་པས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་བཟོ་རྒྱུ་དང་། འཛམ་གླིང་དཔལ་འབྱོར་དང་དངུལ་རྩར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད། ཨ་རིའི་ཕྱོགས་ཀྱིས་ཨུ་ཚུགས་མཐའ་སྐྱེལ་ངང་ཀྲུང་གོར་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཟེར་བའི་ཞྭ་མོ་གཡོག་པའི་དམིགས་ཡུལ་གཙོ་བོ་ནི་ཀྲུང་གོར་མུ་མཐུད་ཚད་འགལ་གནོན་ཤུགས་སྤྲོད་ཆེད་དང་། ཁྲོམ་རའི་སྔོན་དཔག་ལ་འགོག་རྐྱེན་བཟོས་ནས། ཀྲུང་གོའི་དཔལ་འབྱོར་རྡུང་རྡེག་གཏོང་ཆེད་རེད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།