མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཅེས་པའི་མིང་རྟགས་གང་བྱུང་དུ་སྦྱར་ཚེ་མཐའ་འཇུག་རང་བྱས་རང་ལ་སྨིན་རྒྱུ་རེད་ཅེས་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༧ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཅེས་པའི་མིང་རྟགས་གང་བྱུང་དུ་སྦྱར་ཚེ་མཐའ་འཇུག་རང་བྱས་རང་ལ་སྨིན་རྒྱུ་རེད་ཅེས་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་གཅིག་སྤེལ་ཡོད།

རྩོམ་ཡིག་ནང་། ཨ་རིའི་ནོར་སྲིད་པུས་ཀྲུང་གོ་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་གྲས་སུ་འཇུག་རྒྱུ་ཡིན་པ་དང་། གཞན་གནོད་རང་འཕུང་གི་བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་གཏང་ནས་དངུལ་རྩའི་ཁྲོམ་རར་གཡོ་འགུལ་ཐེབས་སྲིད་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཉོ་ཚོང་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་ཡང་འགོག་རྐྱེན་བཟོས་ནས་མཐའ་མཇུག་རང་བྱས་རང་ལ་སྨིན་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།