ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་འགོ་བརྗོད་དུ་སྐར་ལྔའི་དར་དམར་ནམ་ཡང་ཤང་ཀང་ལ་ལྷབ་ལྷུབ་ཏུ་གཡོ་ཞེས་པའི་མྱུར་དཔྱད་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་སྐར་ལྔའི་དར་དམར་ནམ་ཡང་ཤང་ཀང་ལ་ལྷབ་ལྷུབ་ཏུ་གཡོ་ཞེས་པ་ཞུ་གི་ཡིན།

མྱུར་དཔྱད་ནང་། ཤང་ཀང་ལ་ཐོན་པའི་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གཏུམ་སྤྱོད་བྱེད་སྒོ་དང་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་རྩོད་གཞི་བར་འབྲེལ་བ་མེད་ལ། གཏུམ་སྤྱོད་པ་ཉུང་ཤས་ཀྱི་ཉེས་བསགས་བྱ་སྤྱོད་ཧ་ཅང་སྡུག་རྩུབ་ཆེ་བ། ཤང་ཀང་ཟང་ཟིང་བཟོ་མཁན་ཉུང་ཤས་ཀྱིས་འཛེམ་བག་མེད་པར་རྒྱལ་ཁབ་ཀྱི་ལ་རྒྱར་འགྲན་རྩོད་བྱེད་ཕོད་པ་བཅས་མ་རུངས་ཁོག་བཅངས་ཀྱི་མི་ངན་དེ་དག་གིས་ཤང་ཀང་གི་གྲོང་མི་ཡོངས་བཙན་ཁྲིད་བྱེད་རྩིས་དང་། ཤང་ཀང་སྲིད་གཞུང་གི་བྱེད་ནུས་ཉམས་སུ་འཇུག་རྩིས་བྱེད་པ། མུ་མཐུད་དེ་འཛེམ་བག་མེད་པར་རྒྱལ་ཁབ་ཀྱི་བདག་དབང་དང་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ལ་འགྲན་རྩོད་བྱེད་པ། མངོན་སུམ་འཛེམ་མེད་ངང་ཆབ་སྲིད་ལ་སྐྲག་སྣང་སྐུལ་བ་ཞིག་ཡིན་ཞེས་བསྟན་ཡོད།

མི་ངན་ཉུང་ཤས་ཀྱིས་རང་ཚོད་མི་འཛིན་པའི་བྱ་སྤྱོད་སྤེལ་ནའང་། ཀྲུང་གོའི་མི་དམངས་དུང་ཕྱུར་14འི་སེམས་པ་གཅིག་མཐུན་ལ་ནམ་ཡང་འགྱུར་བ་མེད། སྤྱི་ཚེས་4ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཏོང་སྤེལ་བྱས་པའི་གླེང་གཞི་སྐར་ལྔའི་དར་དམར་སྲུང་མཁན་མི་དམངས་དུང་ཕྱུར་14ཡོད་ཅེས་པ་པོད་ཕྲན་ཐོག་གི་གླེང་གཞི་གཙོ་བོར་འགྱུར་བ་དང་། ཉིན་གཅིག་ཡང་མ་འགོར་བར།གླེང་གཞི་དེའི་ནང་ཞུགས་མཁན་འཛམ་གླིང་གི་དྲ་གྲོགས་མི་ཐེངས་དུང་ཕྱུར་20ཙམ་ཟིན་ཡོད་པ་རེད།

ཤང་ཀང་ཟང་ཟིང་བཟོ་མཁན་གཏུམ་སྤྱོད་པ་ཉུང་ཤས་སྔ་ཕྱི་མ་གཏོགས་ཉེས་ཁྲིམས་ཕོག་རྒྱུ་རེད། ང་ཚོས་དམིགས་བསལ་ཁུལ་སྲིད་གཞུང་དང་ཉེན་རྟོག་པས་ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། འཕྲལ་ཐག་ཆོད་པའི་བྱ་སྤྱོད་བཟུང་རྒྱུ། ཁོང་ཁྲོའི་མེ་ལྕེ་འབར་བའི་བྱ་སྤྱོད་ཐོག་ནས་གཏུམ་སྤྱོད་པར་ཉེས་ཆད་བཅད་དེ། གང་མགྱོགས་སྒྲིག་ལམ་སླར་གསོ་ཡོང་བ་བྱ་རྒྱུ་ཡིན། རླབས་ཆེའི་མེས་རྒྱལ་ང་ཚོའི་སྲ་ཞིང་བརྟན་པའི་རྒྱབ་བརྟེན་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་14འི་ཤུགས་ཆེའི་རྒྱབ་སྐྱོར་ཡོད་པས། ཤང་ཀང་དེ་ཉིད་བརྟན་ལྷིང་ཐོག་ཕྱིར་ལོག་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ཤང་ཀང་ཟང་ཟིང་བཟོ་བ་དང་ཤང་ཀང་རྩ་གཏོར་དུ་གཏོང་རྩིས་བྱེད་པའི་ལྐོག་གཡོ་ངན་པ་གཏན་ནས་སྒྲུབ་མི་སྲིད། རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་ཤང་ཀང་དུ་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།