ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱ་ཆེའི་ཤང་ཀང་གི་གྲོང་མི་ཚོས་ཕྱར་བ་གྲུ་འདེགས་བྱས་ཏེ་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་8པའི་ཚེས་5ཉིན་ཤང་ཀང་གི་ཐལ་སྐྱོད་པ་ཁག་ཅིག་གིས་མཉམ་ལས་མི་བྱེད་པའི་ལས་འགུལ་ཞེས་པ་སྤེལ་ནས། ཤང་ཀང་གི་སྤྱི་ཚོགས་སྒྲིག་ལམ་ལ་ཉེན་ཁ་བཟོས་པར། ཤང་ཀང་ལས་རིགས་ཁག་ཏུ་ཁོང་ཁྲོ་ཆེན་པོ་ལངས་ཡོད། སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གིས་སྡེ་ཁག་བརྒལ་བའི་གསར་འགོད་པའི་ཚོགས་འདུ་འཚོགས་ནས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས། རྒྱ་ཆེའི་ཤང་ཀང་གི་གྲོང་མི་ཚོས་ཕྱར་བ་གྲུ་འདེགས་བྱས་ཏེ་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་རེ་འབོད་བྱས་ཡོད།

ཐལ་སྐྱོད་པས་གྲོང་ཁུལ་གྱི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ་དམིགས་ཡུལ་ལ་བརྩིས་པ་དང་། འཇིགས་སྐུལ་སྣ་ཚོགས་ལ་བརྟེན་ནས་གྲོང་མི་ཕྱིར་ལས་ཀར་བསྐྱོད་རྒྱུར་བཀག་འགོག་བྱས་ཡོད། ས་འོག་ལྕགས་ལམ་ས་ཚིགས་སུ། ཁོ་ཚོས་རང་ཉིད་ཀྱི་ལུས་པོར་བརྟེན་ནས་ལྕགས་ལམ་གྱི་འཁོར་སྒྲོམ་སྒོ་རྒྱག་རྒྱུར་བཀག་འགོག་བྱེད་པ་དང་། ཛ་དྲག་མཐེབ་གནོན་མནན་ཏེ་མེ་འཁོར་འགྲོ་སྐྱོད་བྱ་རྒྱུར་བཀག་འགོག་བྱེད་པ། ཐ་ན་རྐང་འཁོར་མེ་འཁོར་འགྲོ་ལམ་ཐོག་དབྱུགས་པ་བཅས་བྱས་ཏེ། ལྕགས་ལམ་གྱི་དོན་རྐྱེན་བཟོ་རྩིས་བྱས་ཡོད། གྲོང་ཁུལ་གྱི་ལམ་དུམ་མཚམས་གཙོ་བོར། ཁོ་ཚོས་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་བཞིན་པའི་རླངས་འཁོར་བཀག་པ་མ་ཟད། གད་སྙིགས་སྣ་ཚོགས་ཀྱིས་འགྲིམ་འགྲུལ་འགྲོ་ལམ་བཀག་ཡོད་པ་རེད།
ཐལ་སྐྱོད་པའི་གཏུམ་སྤྱོད་ལ་དམིགས་ཏེ། ཤང་ཀང་ཉེན་རྟོག་ཕྱོགས་ནས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། བློ་ཐག་ཆོད་པོས་ཁྲིམས་འཛིན་བྱས་ཏེ། སྤྱི་ཚེས་5ཉིན་ཁྱོན་མི་148བཀག་ཉར་བྱས་ཤིང་། མི་དེ་དག་ཁྲིམས་འགལ་ཐོག་རུབ་འཛོམས་བྱས་པ་དང་ཉེན་རྟོག་པར་འཇབ་རྒོལ་བྱས་པ། ཉེན་རྟོག་པས་ལས་དོན་སྒྲུབ་རྒྱུར་འགོག་རྐྱེན་བཟོས་པ། ཕར་རྒོལ་རང་བཞིན་གྱི་གོ་མཚོན་སྦས་བསྐུངས་བྱས་པ་སོགས་ཀྱི་དོགས་གཞི་ཡོད་པ་རེད།

དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་དོན་སིའི་སི་ཀྲང་ཀྲང་ཅན་ཙུང་གིས། མ་གཞི་ཐལ་སྐྱོད་པས་སྤྱི་ཚོགས་ཀྱི་སྒྲིག་ལམ་རྒྱུན་ཆད་མེད་པར་ཟང་ཟིང་བཟོས་ཡོད། ཡིན་ནའང་གྲོང་མི་མང་པོ་ཞིག་གིས་བཀའ་ཁུར་ཁྲིམས་སྲུང་དང་ལས་གནས་བརྟན་སྲུང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་ཤང་ཀང་ལ་ལེགས་སྐྱེས་ཕུལ་བར་གུས་བཀུར་ཡི་རང་ཞུ་དགོས་པ་ཞིག་ཡོད་ཅེས་བསྟན་པ་དང་། ཁོང་གིས། ང་ཚོ་ཚང་མས་ཕྱར་བ་གྲུ་འདེགས་བྱས་ཏེ་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ་དང་། གཏུམ་སྤྱོད་བྱ་སྤྱོད་དེ་རིགས་གང་མགྱོགས་མཇུག་སྒྲིལ་རྒྱུའི་རེ་བ་ཡོད། ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་ང་ཚོའི་ཁྲིམས་སྐྱོང་ལ་སྲུང་སྐྱོང་དང་། ང་ཚོའི་ཤང་ཀང་ལ་སྲུང་སྐྱོང་བྱེད་པ་ལས། དྲག་ཤུགས་ལ་བརྟན་ནས་བརྟེན་རྒྱུ་མེད་ལ། ཤང་ཀང་གིས་ལོ་མང་རིང་འབད་འཐབ་བྱས་པའི་གྲུབ་འབྲས་ཡུད་ཙམ་ལ་མེད་པར་མི་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།