དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ8པའི་ཚེས22ནས་ཚེས28ཉིན་གྱི་བར་དར་རྩེ་མདོ་རུ་སྤེལ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ8པའི་ཚེས22ནས་ཚེས28ཉིན་གྱི་བར་དར་རྩེ་མདོ་རུ་སྤེལ་རྒྱུ་རེད།

འགྲན་སྡུར་གྱི་རྣམ་གྲངས་ལས་སྤོ་ལོ་དང་། རྐང་གྲུག མཆོང་རྒྱུག་འཕེན་གསུམ། གླང་ཆེན་ས་གཤགས། སྦེ་ག འཕེན་འཕང་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས6དང་རྣམ་གྲངས་ཆུང་གྲས66ཡོད་པ་རེད།

འགྲན་ཞུགས་རུ་ཁག ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས། ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་བཅས་འཐུས་མི་ཚོགས་པ20ཡི་མི་གྲངས1300ལྷག་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྔར་བས་མཐུན་སྒྲིལ་ཆེན་མོ་དང་དར་རྒྱས་ཆེན་མོ་ཡོང་བར་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་སེམས་འགུལ་བའི་མདུན་སྐྱོད་ཀྱི་རྣམ་པ་བཟང་པོ་བཏོད་དེ་སྔར་ལྷག་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་སྟོན་པ་དང་ཆབས་ཅིག ལུས་རྩལ་འགྲན་ཚོགས་འཛུགས་གཉེར་བྱས་པ་བརྒྱུད་དེ་ལུས་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏང་བ་དང་། སྤྱི་ཚོགས་ཡོངས་དང་མི་དམངས་ཡོངས་ཀྱིས་མཉམ་རོལ་བྱེད་པའི་ཁུལ་ཡོངས་ཀྱི་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྐྱེད་སྲིང་མ་ལག་རིམ་བཞིན་ཆགས་པ། མུ་མཐུད་ནས་རང་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ལུས་རྩལ་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཅི་ཐུབ་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།

ཡོང་ཁུངས། ཁམས་པའི་དྲ་བ།