ནོར་བུ་གླིང་ཁའི་དཔེ་རྙིང་840ལྷག་ཙམ་ལ་ཡོངས་བཤེར་བྱས་འདུག
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་དང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་མཉམ་དུ་ནོར་བུ་གླིང་ཁའི་དཔེ་རྙིང་ལ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་གླིང་ཁའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་ལས་དོན་དེ་ཟླ་ཁ་ཤས་རྒྱུན་མཐུད་སྤེལ་བ་དང་། ཟླ་8ཚེས་1ཉིན་བར་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་དཔེ་རྙིང་842ཟིན་ཡོད། མིག་སྔར་ལས་དོན་པས་དུས་རབས་19པའི་བྲིས་མ་ཡིན་པའི《བཀའ་འགྱུར》ལ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱེད་བཞིན་ཡོད། ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་། ལས་དོན་པས་དཔེ་རྙིང་གི་ལྗིད་ཚད་དང་། རིང་ཐུང་། མཚན་བྱང་། ཤོག་གྲངས་སོགས་ཀྱི་ཆ་འཕྲིན་ཐོ་འགོད་ཞིབ་ཕྲ་བྱས་འདུག

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།