ཝང་ལོ་པིང་རོལ་དབྱངས་དུས་ཆེན་མཚོ་སྔོན་པོའི་འགྲམ་དུ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ8ཚེས4ཉིན། 2019ལོའི་“ཝང་ལོ་པིང་རོལ་དབྱངས་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པ”མཚོ་སྔོན་པོའི་བྱང་ངོས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གསེར་དངུལ་ཐང་དུ་འགོ་ཚུགས་པ་དང་། ས་གནས་དེ་གའི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་གཟབ་འཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་ནས་སྤྲོ་སྣང་ཆེན་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུས་ཤིང་། དགའ་སྐྱིད་ལྡན་པའི་འཚོ་བ་ལ་བསྟོད་གླུ་བླངས།

མཚོ་བྱང་ཁུལ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་གལ་ཆེ་ཤོས་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ས་གནས་དང་མི་རིགས་མང་བ། རིག་གནས་སྣ་མང་གཅིག་ཏུ་འདུས་ས་གཙོ་བོ་ཞིག་ཀྱང་རེད། བྱེད་སྒོ་སྤེལ་རིང་ལ། སྐོར་བྲོ་འཁྲབ་སྟོན་དང་། 2019ལོའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་ལེན་མཁན་གྲགས་ཅན་གྱི་འཁྲབ་སྟོན། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་སྟོན་ཚོགས་འདུ། མཚོ་བྱང་ཡུལ་སྐོར་རྫོགས་ལྡན་གཟའ་འཁོར་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

ཡོང་ཁུངས། མི་དམངས་དྲ་བ།