ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་བོད་ལུགས་ས་གདན་འགྲེམ་སྟོན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་སྟོན་ཚོགས་འདུ་བསྡུ་བའི་མཇུག་མཐའི་དུས་རིམ་ལ་སླེབས།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་བོད་ལུགས་ས་གདན་འགྲེམ་སྟོན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་སྟོན་ཚོགས་འདུ་བསྡུ་བ་ཆེས་མཇུག་མཐའི་དུས་རིམ་ལ་སླེབས་ཤིང་། གསར་འགོད་པས་མཚོ་སྔོན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་རྗེས་སུ་ཆེད་དོན་ཚོགས་འདུ་དང་ཁེ་ལས་ཐོན་རྫས་གསར་བ་འགྲེམ་སྤེལ་སོགས་བྱ་འགུལ་སྤེལ་རྒྱུ་རེད།

ཆེད་དོན་བགྲོ་གླེང་ཐད་ནས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཐད་ནས་མིག་སྔར་ཕྱི་རྒྱལ་གྱི་གདན་ཞུའི་སྐུ་མགྲོན་དག་མཚོ་སྔོན་ལ་ཡོང་བར་ཁས་ལེན་བྱས་ཤིང་བགྲོ་གླེང་ཚོགས་འདུའི་དགོས་ངེས་ཀྱི་བྱ་བ་དག་ལ་གྲ་སྒྲིག་བྱེད་བཞིན་ཡོད། བོད་སྨན་ཐོན་ལས་མཉམ་འབྲེལ་དང་འཕེལ་རྒྱས་གླེང་སྟེགས་ཐད་ནས་ཞིང་ཆེན་ཕྱི་ནང་གི་རྒྱ་བོད་ལུགས་གཉིས་ཀྱི་ཆེད་མཁས་པ་མང་པོ་ཚོགས་འདུར་ཞུགས་འཆར་ཡོད་ལ། ཚོགས་འདུ་བརྒྱུད་དེ་བོད་སྨན་གྱི་གནས་བབ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས། བཀག་རྒྱའི་རྒྱུ་རྐྱེན་སོགས་མཉམ་འབྲེལ་གྱི་མདུན་ལྗོངས་ཐད་ནས་གླེང་མོལ་བྱ་རྒྱུ་རེད། །

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།