འགོས་ནད་འགོག་བཅོས་ཀྱི་དམིཌ་བསལ་སྦྱོང་བརྡར་སྤྲོད་མཁན་རིཌ་གཅིག་མཁས་ཅན་བོད་དུ་ཞབས་ཞུ་སྒྲུབ་པར་བསྐྱོད་ཅེས་པའི་བྱེད་སྒོ་འགོ་ཚུཌ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འགོས་ནད་འགོག་བཅོས་ཀྱི་དམིགས་བསལ་སྦྱོང་བརྡར་སྤྲོད་མཁན་རིགས་གཅིག་མཁས་ཅན་བོད་དུ་ཞབས་ཞུ་སྒྲུབ་པར་བསྐྱོད་ཅེས་པའི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་ཉིན་ཤས་གོང་ལྷ་སར་གཉེར་བ་དང་། ལྗོངས་ཕྱི་ནང་ནས་ཕེབས་པའི་འགོས་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་མཐོ་རིམ་རིགས་གཅིག་མཁས་ཅན ༡༥ ལྷ་སར་འཛོམས་ནས། བོད་ཀྱི་འགོས་ནད་འགོག་བཅོས་ལས་ཀ་བྱེད་མཁན་ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣ་ཁ་ཅིག་ལ་ཉམས་མྱོང་སློབ་འཁྲིད་དང་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ཁག་གསུམ་པའི་དུས་རིམ་དང་པོའི་འགོས་ནད་འགོག་བཅོས་ཀྱི་དམིགས་བསལ་གསོ་སྐྱོང་གི་རིགས་གཅིག་མཁས་ཅན་བོད་དུ་ཞབས་ཞུ་སྒྲུབ་པར་བསྐྱོད་ཅེས་པའི་བྱེད་སྒོ་དེ་དུས་རིམ་དབྱེ་ནས་སྤེལ་རྒྱུ་དང་། གཙོ་བོ་ལྷ་ས་དང་ཉིང་ཁྲི། མངའ་རིས་བཅས་གྲོང་ཁྱེར༼ས་ཁུལ༽གསུམ་དུ་ཆེད་དོན་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད། འོས་འགན་སྨན་བཅོས་ཞབས་ཞུ་སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པས་ཆེད་ལས་ལག་རྩལ་མི་སྣ ༢༦༠ ལྷག་ཙམ་ལ་ཕན་པ་ཐོབ་བཟོ་ཡོད།

གཞན་ཡང་། ཐེངས་འདིའི་དམིགས་བསལ་སྦྱོང་བརྡར་སྤྲོད་མཁན་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པ་བོད་དུ་ཞབས་ཞུ་སྒྲུབ་པར་བསྐྱོད་པའི་བྱེད་སྒོ་ནི། བོད་དུ་དམིགས་བསལ་སྦྱོང་བརྡར་སྤྲོད་པའི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན་ལ། དེ་ནི་ལས་དོན་ཁག་དང་པོ་དང་གཉིས་པར་གྲུབ་འབྲས་ཡག་པོ་ཐོབ་པའི་རྨང་གཞིའི་ཐོག་ད་ལོ་མུ་མཐུད་ཁག་གསུམ་པ་སྤེལ་བ་ཞིག་རེད། བྱེད་སྒོའི་ནང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མངའ་རིས་དང་ལྷ་ས། ཉིང་ཁྲི་སོགས་སུ་བསྐྱོད་དེ་ཐག་རིང་དབུལ་ཕོངས་ས་ཁུལ་དུ་རིག་ནུས་ཞབས་ཞུའི་བྱེད་སྒོ་སྤེལ་བ་ནི། རིགས་གཅིག་མཁས་ཅན་ཚོས་ལས་ཀའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་རིགས་གཅིག་མཁས་ཅན་གྱི་ནུས་པ་འདོན་སྤེལ། གཞི་རིམ་གྱི་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐག་གཅོད། ལག་རྩལ་གྱི་དཀའ་གནད་སེལ་བ་བཅས་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་ཁྲིད་སྟོན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། རང་ལྗོངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་ཞབས་ཞུའི་རིགས་གཅིག་མཁས་ཅན་དབར་སྤེལ་རེས་མཉམ་ལས་ཀྱི་འབྲེལ་བ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ཞིག་ལྡན་ཡོད་པས། བོད་ཀྱི་བདེ་ཐང་བྱ་གཞག་ལ་སླར་ཡང་འགག་སྒྲོལ་གསར་པ་ཡོང་རྒྱུ་དང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།