ནག་ཆུའི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇཌ་ཞིབ་བཤེར་ཚད་ལེན་ལྟེ་གནས་དེ་སྤུས་ཚད་བདེ་འཇགས་ཚོད་ལྟ་ཁང་དུ་གྱུར།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས། ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ལ། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་དང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལས་གྲུབ་པའི་ཞིབ་བཤེར་ཚད་ལེན་ཚན་པའི་དཔྱད་ཞིབ་དང་འོས་ཐོབ་ངོས་འཛིན་དཔང་འདོན་གྱི་དཔྱད་ཞིབ་བྱས་རྗེས་ཚད་ལོན་ཐུབ་ནས། འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚོད་ལྟ་ཁང་དུ་གྱུར་ཡོད།

དཔྱད་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧའེ་ནས། ནག་ཆུ་གྲོང་ཁྱེར་དུ་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་གཉེར་སྐྱོང་ཐུབ་པ་དེའི་ཐོག་ནས་བོད་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་མ་ལག་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་མཚོན་གྱི་ཡོད་པ་དང་། དེས་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྡོམ་ཁྲིམས་འཛིན་ལ་ལག་རྩལ་གྱི་འདེགས་སྐྱོར་ཆེན་པོ་ཐུབ་ནས། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་ཏེ། ནག་ཆུ་གྲོང་ཁྱེར་ཙམ་མ་ཟད་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཡང་ཐེབས་ངེས་རེད་ཅེས་གསུངས་པ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།