ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་༢དང་བྱེ་བ་༦ལས་བརྒལ་བ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཚོང་དོན་པུས་སྤྱི་ཚེས་༥ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། སྤྱི་ལོ་༢༠༡༩ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་༢དང་བྱེ་བ་༦ལས་བརྒལ་བ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་༢དང་གྲངས་ཆུང་༦འཕར་བ་དང་། གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་༧༤༠༠ཙམ་ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་༡༠དང་གྲངས་ཆུང་༥ཆག་ཡོད།

ལས་རིགས་དེ་གའི་མི་སྣས། གཅིག་མཇུག་གཉིས་མཐུད་དུ་བཏོན་པའི་དཔྱ་ཁྲལ་ཉུང་གཏོང་དང་འགྲོ་གྲོན་ཆག་ཡང་གཏོང་བའི་སྲིད་ཇུས་དང་ཞབས་ཞུའི་ཉོ་ཚོང་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ས་ཚིགས་གཏོད་པ་སོགས་ཀྱི་བྱ་ཐབས་བཟུང་བས། ཞབས་ཞུའི་ཉོ་ཚོང་གོང་འཕེལ་འགྲོ་བའི་ནང་སྐྱེས་སྟོབས་ཤུགས་སྐུལ་སྤེལ་ཐུབ་པ་དང་། ཞབས་ཞུ་ཕྱིར་གཏོང་བྱེད་པའི་བཟང་ཆ་སྔར་བས་རྒྱ་སྐྱེད་ཐུབ་པ། འབྱུང་འགྱུར་ཆེད་ལས་ཞབས་ཞུའི་ཁྱབ་ཁོངས་ཀྱི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་གོང་མཐོར་འགྲོ་བ་བཅས་དང་བསྟུན་ནས། རང་རྒྱལ་གྱི་ཞབས་ཞུའི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཆུང་དུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད་པ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།