རིགས་གཅིག་མཁས་པས་འཐབ་ཇུས་ཀྱི་བརྟན་ཤུགས་ལ་བརྟེན་ནས་ཨ་རིའི་ཕྱོགས་ཀྱི་མི་ཁག་ཅིག་གི་ཁ་དན་ཚིག་ལ་མི་གནས་པའི་བྱེད་སྟངས་ལ་ཁ་གཏད་གཅོག་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཐབ་ཇུས་ཀྱི་བརྟན་ཤུགས་ལ་བརྟེན་ནས་ཨ་རིའི་ཕྱོགས་ཀྱི་མི་ཁག་ཅིག་གི་ཁ་དན་ཚིག་ལ་མི་གནས་པའི་བྱེད་སྟངས་ལ་ཁ་གཏད་གཅོག་དགོས་པ་སྟེ། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གནད་དོན་གྱི་ཞིབ་བསྡུར་ཚོགས་འདུ་སྤྱི་ཚེས་5ཉིན་ཀྲུང་གོ་མི་དམངས་སློབ་ཆེན་དུ་འཚོགས་ཡོད་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་པས། ཁ་དན་ཚིག་ལ་མི་གནས་པ་དང་ཨ་རིའི་ཕྱོགས་ཀྱིས་ཉོ་ཚོང་འགལ་ཟླ་རིམ་སྤར་བྱས་པ་ནི་འཛེམ་བག་མེད་པར་དམངས་འདོད་དང་རྒྱབ་འགལ་བྱས་པ་དང་། ཡིད་རྟོན་དང་འགལ་བའི་གནོན་ཤུགས་ཆེན་པོ་སྤྲད་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།

པེ་ཅིང་སློབ་ཆེན་རྒྱལ་ཁབ་གོང་འཕེལ་ཞིབ་འཇུག་ཁང་གི་ཏང་ཨུད་ཧྲུའུ་ཅི་དགེ་རྒན་ཆེན་མོ་ཡུས་མེའོ་ཅེས། ལོ་གཅིག་དང་ཕྱེད་ཀའི་རིང་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འགལ་ཟླའི་ནང་ཨ་རིས་སྔ་ཚིག་ཕྱི་འགལ་ཐེངས་མང་བྱས་པ་དང་། དབྱེ་འབྱེད་གྲོལ་བྱེད་སྐབས་ལྷག་བསམ་མེད་པ། གནོན་ཤུགས་ཆེན་པོ་སྤྲོད་པའི་གོམས་གཤིས་ཡོད། དེ་དང་ཆབས་ཅིག ཉོ་ཚོང་འགལ་ཟླས་བཟོས་པའི་ཕྱི་ལོག་གི་གནོན་ཤུགས་དེ་ང་ཚོས་སླད་ཕྱིན་དུས་མཚམས་ཤིག་རིང་ཁ་གཏད་དགོས་པའི་རྒྱུན་རྣམ་ལ་འགྱུར་བཟོ་ཡོད་པས། ང་ཚོས་བྱེད་དགོས་པ་ནི་དེ་མཚུངས་ཀྱི་བསམ་བློའི་གྲ་སྒྲིག་ཡག་པོ་བྱས་ནས། ཕྱི་ལོག་གི་གནོན་ཤུགས་དེ་མུ་མཐུད་བརྟན་པོའི་ངང་ཡར་རྒྱས་ཡོང་བ་བྱེད་པའི་འགུལ་ཤུགས་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སློབ་གླིང་གི་འགོ་འཛིན་དགེ་རྒན་ཆེན་མོ་ཧུང་ཅུན་ཅེས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱིས་ལམ་ཐིག་གཙོ་བོ་བྱེད་པའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ང་ཚོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་ཁྲོད་སྒོ་དབྱེའི་ནང་འཕྲད་པའི་གནད་དོན་ཐག་གཅོད་བྱེད་དགོས། གོང་འཕེལ་ཡག་པོ་གཏོང་དགོས་པ་དང་། ལྷག་པར་དུ་སྤུས་ཚད་མཐོ་བའི་གོང་འཕེལ་ཡག་པོ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།