ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ཀྱིས་གནས་སྐབས་རིང་ཨ་རིའི་ཞིང་ལས་ཐོན་རྫས་གསར་པ་ཉོ་སྒྲུབ་བྱེད་མཚམས་བཞག་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པར་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ཚོང་དོན་པུའི་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཨ་རིའི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་3000ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱ་རྒྱུའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་10འཐོལ་པ་བསྡུ་རྩིས་བྱས་པ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཏ་པན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་8པའི་ཚེས་3ཉིན་གྱི་རྗེས་གསར་དུ་ཚོང་འགྲིག་པའི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱ་རྒྱུ་རྣམས་ལ་ནང་འདྲེན་གྱི་སྒོ་ཁྲལ་འཐོལ་པ་བསྡུ་མིན་ཐག་བཅད་མེད་པས། ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ཀྱིས་ཨ་རིའི་ཞིང་ལས་ཐོན་རྫས་གནས་སྐབས་རིང་ཉོ་སྒྲུབ་བྱེད་མཚམས་བཞག་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་ཚན་པས། ཀྲུང་གོའི་ཁྲོམ་རའི་ཤོང་ཚད་ཆེ་བས། ཨ་རིའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱ་རྒྱུར་མདུན་ལྗོངས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ཨ་རིའི་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་ལག་བསྟར་ནན་ཏན་བྱེད་པ་དང་། ཁ་དན་ཚིག་གནས་བྱས་ནས་ཁས་ལེན་པ་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།