རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ལོ་ངོ་70སོང་རིང་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ལྡབ་4དང་གྲངས་ཆུང་8འཕར་སྣོན་བྱུང་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་ཚེས་5ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་སྙན་ཞུ་ཡོངས་བསྒྲགས་བྱས་ཡོད་པ་རེད། སྙན་ཞུའི་ནང་མངོན་པར། སྤྱི་ལོ་2018ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་13158ཟིན་ཡོད་པ་དེ་སྤྱི་ལོ་1949ལོ་ལས་ལྡབ་4དང་གྲངས་ཆུང་8འཕར་ཡོད་ཅིང་། ཆ་སྙོམས་ལོ་རེར་བརྒྱ་ཆ་2དང་གྲངས་ཆུང་6འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།