མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱིས་དངུལ་ལོར་མང་པོ་ཞིག་ལ་མུ་མཐུད་བརྟན་ལྷིང་དང་སྟོབས་ཆེའི་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས། ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་དང་དེ་བཞིན་ཀྲུང་གོར་སྒོ་ཁྲལ་འཐོལ་པ་བསྡུ་བའི་སྔོན་དཔག་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། སྤྱི་ཟླ་8པའི་ཚེས་5ཉིན་མི་དམངས་ཤོག་སྒོར་ཨ་སྒོར་དང་བརྗེ་བའི་འཛའ་ཐང་ཅུང་ཟད་ཆག་ནས་སྒོར་7ལྷག་ཟིན་ཡོད། འོན་ཀྱང་མི་དམངས་ཤོག་སྒོར་གྱིས་དངུལ་ལོར་མང་པོ་ཞིག་ལ་མུ་མཐུད་བརྟན་པོ་དང་སྟོབས་ཆེའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། དེ་ནི་ཁྲོམ་རའི་མཁོ་སྤྲོད་དང་རྒྱལ་སྤྱིའི་ཕྱི་དངུལ་ཚོང་རའི་འཕར་ཆག་གི་མངོན་ཚུལ་ཡིན། མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པའི་ཉམས་མྱོང་དང་། སེམས་ཤུགས། ནུས་པ་བཅས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།