ཚན་པ་མང་པོས་མཉམ་འབྲེལ་ཐོག་ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གླ་རིན་བསྡུ་བ་བཅོས་སྐྱོང་བྱ་རྒྱུ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་སྤྱི་ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་ཟུར་གསལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་ཚན་པ་མང་པོས་ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གླ་རིན་བསྡུ་བ་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་། ལས་རིགས་མཐུན་ཚོགས་ཚོང་ཚོགས་དང་། སྲིད་འཛིན་ལས་ཁུངས་ཀྱི་ཁོངས་གཏོགས་ཚན་པ། མཚམས་སྦྱོར་ལས་ཁུངས་སོགས་ཀྱིས་གླ་རིན་བསྡུ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དཔེ་མཚོན་གྱི་གྱོད་གཞི་ཁག་ཅིག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།