རང་རྒྱལ་གྱི་ལག་འབྲི་དང་དཔོད་འབྲི་གཉིས་ལྡན་གྱི་སོག་ཡིག་འཇུག་ཐབས་དང་པོ་ཞིབ་འཇུག་གསར་སྤེལ་ཐུབ་པ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ནང་སོག་རང་སྐྱོང་ལྗོངས་སོག་ཡིག་ཆ་འཕྲིན་བཀོལ་སྤྱོད་ལག་རྩལ་གཙོ་གནད་ཞིབ་འཇུག་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ལག་འབྲི་དང་དཔོད་འབྲི་གཉིས་ལྡན་གྱི་སོག་ཡིག་འཇུག་ཐབས་དང་པོ་ཞིབ་འཇུག་གསར་སྤེལ་ཐུབ་ཡོད་པ་རེད། སླད་ཕྱིན། སོག་རིགས་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་ཐོག་ལག་པས་འབྲི་བ་དང་ཡང་ན་དཔོད་འབྲི་ལ་བརྟེན་ནས་སོག་ཡིག་བཀོལ་སྤྱོད་བྱེད་ཐུབ་རྒྱུ་ཡིན་པ་རེད།

སོག་ཡིག་འཇུག་ཐབས་འདི་ནི་ནང་སོག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥེ་ལུང་གིས་སྣེ་ཁྲིད་དེ་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། འཇུག་ཐབས་འདི་ལ་གཙོ་བོར་སོག་ཡིག་ལག་འབྲི་ནང་འཇུག་དང་། སོག་ཡིག་དཔོད་འབྲི་ལ་བརྟེན་ནས་ནང་འཇུག སོག་ཡིག་ཚིག་གྲུབ་སྦྲགས་མ་ནང་འཇུག་སོགས་ནུས་པ་དྲུག་ཡོད་པ་རེད།

“སོག་ཡིག་ལག་འབྲི་དབྱེ་འབྱེད་དང་སོག་ཡིག་དཔོད་འབྲི་ལ་བརྟེན་ནས་དབྱེ་འབྱེད་བྱེད་པའི་ནུས་པ་ད་དུང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་ལ། སྤྱོད་མཁན་ཇི་ཙམ་མང་ན་འཐུས་ཚང་དུ་འགྲོ་ཚད་དེ་ཙམ་གྱིས་མགྱོགས་པ་ཡོད”ཅེས་ཧྥེ་ལུང་གིས་བརྗོད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།