འཇར་མན་བཟོ་ལས་མཉམ་འབྲེལ་ཚོགས་པས་ཨ་རིའི་ཀྲུང་གོ་ནས་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུའི་སྐོར་གྱི་འཇིགས་སྐུལ་གསར་པར་སྐྱོན་བརྗོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༨ཚེས་༢ཉིན། འཇར་མན་བཟོ་ལས་མཉམ་འབྲེལ་ཚོགས་པས། ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུའི་སྐོར་གྱི་འཇིགས་སྐུལ་གསར་པ་བྱས་པ་ནི་མི་རྣམས་སེམས་ཁྲལ་བྱེད་དགོས་པ་་ཞིག་ཡིན་པ་དང་བྱ་ཐབས་དེས་འཇར་མན་ཚུད་པའི་ཕྱོགས་མང་པོའི་ཁེ་ཕན་ལ་གནོད་འཚེ་ཕོག་རྒྱུ་རེད་ཅེས་བཤད་ཡོད་པ་རེད

འཇར་མན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་བཟོ་ལས་མཉམ་འབྲེལ་ཚོགས་པས། ཨ་རི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་ཕྱོགས་འགལ་མུ་མཐུད་ཇེ་སྡུག་བཏང་བས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཡོད་ཞེས་བཤད་འདུག མཉམ་འབྲེལ་ཚོགས་པའི་དོ་དམ་རིམ་པའི་ཁོངས་མི་སི་ཐེར་མེར་གྱིས། དཔལ་འབྱོར་ཉོ་ཚོང་ཕྱོགས་འགལ་གི་ཛ་དྲག་དུས་བབ་ཇེ་སྡུག་ཏུ་ཕྱིན་པ་དེས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལ་གནོད་འཚེ་བཟོ་རྒྱུ་མ་ཟད་འཇར་མན་གྱི་བཟོ་ལས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལའང་གནོད་འཚེ་བཟོ་རྒྱུ་རེད་ཅེས་བཤད་འདུག

འཇར་མན་བཟོ་ལས་མཉམ་འབྲེལ་ཚོགས་པས་དེའི་གོང་དུ་ཡོངས་བསྒྲགས་ཐོག་ནས་ཨ་རི་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་ཕྱོགས་འགལ་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་གནོད་འཚེ་གཏོང་རྒྱུ་དང་མཐར་ཕམ་རྒྱུ་ལས་མེད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།