ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུའུ་སོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་དུ། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ལས་དོན་གྱི་དོན་དངོས་དང་ཟུང་སྦྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་སློབ་སྦྱོང་དང་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། གནད་དོན་ལ་ཞིབ་ལྟ་བྱེད་པ། བཅོས་སྒྲིག་དོན་འཁྱོལ སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ། འཕྲལ་མར་སློབ་སྦྱོང་དང་འཕྲལ་མར་ལག་བསྟར། འཕྲལ་མར་འགྱུར་བ་གཏོང་བ། འཕྲལ་མར་དམ་འཛིན་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་འགན་ལེན་བྱས་ཡོད་པ་རེད།

ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས་སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་རབ་དང་རིམ་པར་གཞིགས་པ་དང་མིག་སྔར་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་བཞིན་པ་དང་ཟུངའབྲེལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱེད་པར་ངེས་པར་དུ་ལེགས་གྲུབ་བྱེད་དགོས་པའི་ལས་འགན་ལྗིད་པོར་དམིགས་ནས་གནད་དོན་དངོས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

འདྲི་གཞིར་ལྟ་ཞིབ་དང་སྤེལ་རེས་བྱེད་པ། རྩིས་ཁྲ་བཤེར་བ། དོན་འཁྱོལ་དམ་འཛིན་བྱེད་པའི་ལམ་ཐིག་ལྟར་དང་པོ་ཐོག་མ་ནས་ལེགས་བཅོས་བྱེད་ཀྱི་ཡོད་པ་རེད

ནན་ཏན་གྱིས་ལེགས་བཅོས་དང་དངོས་སུ་ལེགས་བཅོས་བྱེད་པ་དང་དཀའ་སེལ་འགག་གཏོར་བྱེད་པ་དང་དུས་མཚུངས་སུ་ཀྲུང་དབྱང་་ཞིང་ལས་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས་ད་དུང་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་གྱི་རྣམ་བཤད་བཤུས་སྒྲིག་སློབ་སྦྱོང་བྱེད་རྒྱུ་བརྗོད་དོན་གཙོ་བོ་བྱས་ནས་དཔེ་ཀློག་འཛིན་གྲྭ་ཁག་དྲུག་གཉེར་བ་དང་གཞོན་ནུའི་རིག་གཞུང་སློབ་སྦྱོང་ཚོགས་ཆུང་བཙུགས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཁྱབ་ཧྲུའུ་ཅིའི་ཞིང་གསུམ་བརྩེ་སེམས་ལ་མིག་དཔེ་བལྟ་བ་དང་ཞིང་པར་ཕན་པ་སྐྲུན་པ། ཤང་གྲོང་དར་རྒྱས་ཡོང་བ་བྱེད་ཅེས་པ་བཏོན་ཡོད་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིབ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་བསམ་བློ་ལག་བསྟར་བྱེད་རྒྱུ་འབུར་ཏུ་ཐོན་པ་བྱས་པ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་བྱེད་སྟངས་བྱ་ལུགས་གསར་སྐྲུན་དང་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱས་པ། གཅིག་ཐོག་དྲུག་སྣོན་གྱི་ཆེད་དོན་སློབ་གསོ་ཇུས་བཀོད་བྱས་པ། པུའུ་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་བཀོད་འདོམས་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བ་དང་སྤྱི་ཚོགས་འགན་སྲུང་འགྲོ་གྲོན་དམའ་རུ་གཏོང་བ་སོགས་ཀྱི་ཆེད་དོན་སློབ་སྦྱོང་དང་སློབ་གསོ་སྤེལ་ཡོད་པ་རེད།ཛ

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས། མི་དམངས་ངའི་སེམས་ནང་ཡོད་ཅེས་པའི་གྲོས་སྡུར་ཆེན་པོ་བྱས་པ་དང་ཆེད་དོན་བརྟག་དཔྱད་དང་ལྐོག་ཏུ་འཚམས་འདྲི་ཞུས་ནས་རྟག་བཤེར་བྱེད་རྒྱུ་ཟུང་འབྲེལ་གྱིས་གནད་དོན་རྩིས་ཁྲ་དང་བཅོས་སྒྲིག་བྱ་ཐབས་རྩིས་ཁྲ། ང་རང་གིས་མང་ཚོགས་ཆེད་དུ་བྱ་བ་དངོས་བསྒྲུབ་རྒྱུའི་རྩིས་ཁྲ་ཞེས་པ་བཅས་གསུམ་བཟོས་ནས་གནད་དོན་ལ་ཁྱོན་ཡོངས་ནས་ལྟ་ཞིབ་དང་བཅོས་སྒྲིག་ནན་ཏན་དང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་དུས་མཚུངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་བརྟག་ཞིབ་གནང་སྐབས་བཏོན་གནང་བའི་དོན་འཁྱོལ་བཞི་དོན་འཁྱོལ་ནན་ཏན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།