རིགས་གཅིག་མཁས་ཅན་གྱིས་ཨ་རིས་ཁ་གཅིག་ལྕེ་གཉིས་ཐོག་ནས་ཁ་དན་ཚིག་ལ་མ་གནས་པར། ཉོ་ཚོང་བཙན་དབང་རིང་ལུགས་སྤེལ་བས་གོ་ལ་ཧྲིལ་པོར་གནོད་འཚེ་བཟོས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རི་ཕྱོགས་རྐྱང་པས་ཨ་སྒོར་དུང་ཕྱུར་༣༠༠༠ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་༡༠%སྤར་རྒྱུའི་ཁྱབ་བསྒྲགས་བྱས་པར་དམིགས་ཏེ། རིགས་གཅིག་མཁས་ཅན་གྱིས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལས་འགལ་བ། གྲོས་མོལ་གྱི་ཕན་ཡོད་ཆ་རྐྱེན་གཏོར་བཤིག་བཏང་བ། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་གོམ་སྟབས་ལ་འགོག་རྐྱེན་བཟོས་པ་བཅས་རེད་ཅེས་གསུངས་ཡོད།

རིགས་གཅིག་མཁས་ཅན་གྱིས། ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གྱི་དབྱུག་པ་ཆེན་པོ་མཐོན་པོར་སྒྲེང་བ་དང་། ཁ་དན་ཚིག་ལ་མ་གནས་པ་དང་། ཉོ་ཚོང་བཙན་དབང་རིང་ལུགས་ཀྱི་ནོར་འཁྲུལ་བྱ་སྤྱོད་སྤེལ་བ་ནི་མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་གྱི་འཇིགས་སྣང་ཆེ་ཤོས་ཡིན་པས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་དཀའ་ངལ་ཚབས་ཆེན་བཟོས་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དང་ཕོག་ཐུག་ཀྱང་བཟོས་ཡོད་ཅེས་བསྟན་ཡོད།

རིགས་གཅིག་མཁས་ཅན་གྱིས། ད་བར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དེ་དཔལ་འབྱོར་ཉོ་ཚོང་གནད་དོན་ཐག་གཅོད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཨ་རི་ཕྱོགས་ཀྱིས་ཁ་གཅིག་ལྕེ་གཉིས་དང་ནོར་འཁྲུལ་ཡང་ཡང་ཤོར་བཞིན་ཡོད། ཨ་རི་ཕྱོགས་ཀྱིས་ཁ་དན་ཚིག་ལ་གནས་པ་དང་ཐུན་མོང་གི་ངོས་འཛིན་ལ་བརྩི་སྲུང་ཞུས་ཚེ། གཞི་ནས་གྲོས་མོལ་དེ་ཉིད་སླར་ཡང་ཡང་དག་པའི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།