གུ་ཐེ་ལེའི་སིས་མི་འབོར་གནད་དོན་དང་གོང་འཕེལ་འགྲོ་ཚུལ་སྐོར་གླེང་གནང་བ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༧ཚེས་༡༡ཉིན་ནི་འཛམ་གླིང་མི་འབོར་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེའི་སིས་ཉིན་དེ་རང་ལ་བརྙན་མཐོང་གསུང་བཤད་གནང་ནས་མི་འབོར་མགྱོགས་པོ་འཕར་བ་དང་རྒན་རྒོན་ཅན་ལ་འགྱུར་བ། ཡུལ་མི་གནས་སྤོས། གྲོང་ཁྱེར་ཅན་ལ་འགྱུར་བ་སོགས་མི་འབོར་གནད་དོན་དང་གོང་འཕེལ་འགྲོ་ཚུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་བཅས་དམ་ལ་ཁ་བྲལ་ཐབས་མེད་ཅེས་དང་ཁོང་གིས། སྔོན་དཔག་བྱས་ན་སྤྱི་ལོ་༢༠༥༠ལོར་སླེབས་སྐབས་འཛམ་བུ་གླིང་ཡོངས་ཀྱི་མི་འབོར་བརྒྱ་ཆ་༦༨གྲོང་ཁྱེར་ནང་འཚོ་སྡོད་བྱེད་རྒྱུ་ཡིན་པ་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་གྲོང་ཁྱེར་གྱི་ལེགས་གྲུབ་ལྡན་པའི་དོ་དམ་ལ་བརྟེན་ཤུགས་ཉིན་རེ་ལས་ཉིན་རེ་ཆེ་རུ་འགྲོ་རྒྱུ་རེད། ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་ངོས་ནས་བརྗོད་ན། རྒྱུན་མཐུད་གོང་འཕེལ་གཏོང་རྒྱུའི་མདུན་དུ་འཕྲད་པའི་འགྲན་རྩོད་དེ་མི་འབོར་འཕར་མགྱོགས་པ་སོགས་ཀྱི་གནད་དོན་གྱི་རྐྱེན་པས་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།