འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྐུ་གཟུགས་གནས་ཚུལ་ཐད་ང་རང་ནས་རང་ངོས་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ལམ་ཟླ་བ་གཅིག་ཙམ་རིང་། འཇར་མན་གྱི་ཙུང་ལི་མོ་ཁེར་སྤྱི་པའི་བྱེད་སྒོ་སྤེལ་སར་གློ་བུར་ཏུ་གཟུགས་པོ་རྒྱུན་མཐུད་འདར་སིག་ཐེངས་གསུམ་ཙམ་བརྒྱབ་ཡོད་པས་ཁོང་གི་བདེ་ཐང་གནས་ཚུལ་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉིན་དེ་རང་གི་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་རྒྱུན་ལྡན་མཐོང་དཀོན་པའི་གནས་ཚུལ་དེ་རིགས་ཐོན་ཞིང་དམག་དཔུང་རོལ་ཆ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱེད་སྐབས་མོ་ཁེར་དང་ཧྥི་ལེའི་ཙེ་ལི་ཁེ་སེན་རྣམ་གཉིས་མཛད་གཟིགས་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་རྣམ་གཉིས་མཇལ་མོལ་གནང་གྲུབ་རྗེས་མཉམ་དུ་གསར་འགོད་པ་དང་ཐུགས་འཕྲད་གནང་སྐབས་འཇར་མན་གྱི་གསར་འགོད་པས་ཁོང་གི་གཟུགས་པོའི་གནས་ཚུལ་སྐོར་གྱི་དྲི་བ་བཏོན་པར་མོ་ཁེར་གྱིས་ཐད་ཀར་ལན་སྐྱོན་མེད་པ་དང་ཁོང་གིས་དོན་ཚན་གཉིས་ནན་བཤད་གནང་བ་སྟེ་དང་པོ་ནི་ཁོང་ཉིད་འཇར་མན་གྱི་ཙུང་ལི་ཡིན་པའི་ངོས་ནས་ཁོང་གི་འགན་འཁྲི་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད་ཅེས་པ་དེ་ཡིན་པ་དང་གཉིས་པ་ནི་ཁོང་ནས་བདེ་ཐང་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་པ་དེ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།