རྒྱལ་ཁབ་མང་པོའི་དམག་དཔོན་གྱིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྤྱི་ལོ་༢༠༡༩ལོའི་མཉམ་འབྲེལ་རོགས་སྐྱོབ་ཞེས་པའི་འགན་སྒྲུབ་དངོས་དམག་གི་མཉམ་འབྲེལ་ནང་སྦྱོང་ལ་གཟིགས་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོ་དང་ལྗར་མན་རྒྱལ་ཁབ་གཉིས་ཀྱི་སྤྱི་ལོ་༢༠༡༩ལོའི་མཉམ་འབྲེལ་རོགས་སྐྱོབ་ཞེས་པའི་འགན་སྒྲུབ་དངོས་དམག་གི་མཉམ་འབྲེལ་ནང་སྦྱོང་དེ་སྤྱི་ཚེས་༡༡ཉིན་འཇར་མན་གྱི་ཧྥེའར་ཏེ་ཅི་ཤིང་སྦྱོང་བརྡར་ལྟེ་གནས་སུ་དཔུང་པ་མཉམ་གཤིབ་ཐོག་སྤེལ་ཡོད་པ་རེད། ཨ་རི་དང་། ལྗར་པན། ཨོ་སི་ཁྲུ་རི་ཡ། ཧྥ་རན་སི་སོགས་རྒྱལ་ཁབ་ནས་ཕེབས་པའི་དམག་དཔོན་དང་། ལྗར་མན་གྱི་དམག་དཔོན་འཐུས་མི་སོགས་མི་༨༠ལྷག་གིས་ནང་སྦྱོང་ལ་གཟིགས་ཞིབ་གནང་ཡོད། ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་༩པར། མཉམ་འབྲེལ་ནང་སྦྱོང་དངོས་སུ་འགོ་ཚུགས་ཡོད། ཀྲུང་འཇར་ཕྱོགས་གཉིས་པོའི་ནང་སྦྱོང་ནང་ཞུགས་མཁན་རྣམས་ཀྱི་གཞོགས་འདེགས་དམ་ཟབ་དང་། བྱ་སྤྱོད་གཅིག་འགྱུར་ཡིན་ལ། འགན་ནུས་བརྗེ་བསྒྱུར་དང་། སྨན་བཅོས་རོགས་སྐྱོབ་གཉིས་མགྱོགས་པ་དང་། སྟབས་བདེ་བ། ཕན་འབྲས་ལྡན་པ་བཅས་ཡིན་པས། དེའི་ཐོག་ནས་ཕྱོགས་གཉིས་པོའི་མི་སྣས་སྲོལ་རྒྱུན་གྱི་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་པོ་ཡིན་པ་གང་ལེགས་མངོན་ཡོད། ནང་སྦྱོང་མཇུག་སྒྲིལ་རྗེས། གཟིགས་ཞིབ་མི་སྣས་ཁག་སོ་སོར་ཀྲུང་འཇར་ཕྱོགས་གཉིས་པོའི་ཐང་འཐབ་རིམ་པ་གཉིས་པའི་སྨན་ཁང་དང་ནང་སྦྱོང་ཁྲོད་ཞུགས་པའི་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་མ་ཟད། ཕྱོགས་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་ནང་སྦྱོང་ནང་ཞུགས་མཁན་མི་སྣ་དང་སྤེལ་རེས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།