ཨུ་རུ་སུ་དང་ཧྥ་རན་སི་ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་༥འཐུས་མི་ཚོགས་པས་ཝུ་ཧན་གྱི་ཡུལ་དངོས་ནས་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འཕེལ་རིམ་ཤེས་རྟོགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་༡༡ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་ནས། ཨུ་རུ་སུ་དང་། ཧྥ་རན་སི། ལྷོ་ཁོ་རེ་ཡ། ཁ་ན་ཏ། ཕོ་ལན་བཅས་རྒྱལ་ཁབ་༥དམག་མིའི་ལུས་རྩལ་འཐུས་མི་ཚོགས་པས་སྤྱི་ཚེས་༡༠ནས་༡༡ཉིན་བར་ཝུ་ཧན་གྱི་ཡུལ་དངོས་ནས་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འཕེལ་རིམ་ཐད་ཤེས་རྟོགས་བྱས་ཡོད་པ་རེད། དེ་ནི་ཧོ་ལན་དང་། པར་ཙིར། ཨ་མན་བཅས་འཐུས་མི་ཚོགས་པའི་རྗེས་ཝུ་ཧན་དུ་ཡོང་ནས་ཡུལ་དངོས་ནས་དམག་མིའི་ལུས་རྩལ་འགྲན་ཚོགས་ཤེས་རྟོགས་བྱེད་མཁན་གྱི་རྒྱལ་སྤྱིའི་དམག་མིའི་ལུས་རྩལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་བསྟན་ཡོད། དམག་མིའི་ལུས་རྩལ་འགྲན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་གནང་བར། རྒྱལ་ཁབ་ལྔ་པོའི་འཐུས་མི་ཚོགས་པས་ཝུ་ཧན་དུ་གཉེར་རྒྱུའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་ཆས་དང་། ཁོར་ཡུག གྲ་སྒྲིག་འཕེལ་རིམ་བཅས་ལ་བསྔགས་བརྗོད་བྱས་ནས་ད་ཐེངས་ཀྱི་འགྲན་བསྡུར་ལ་རེ་སྒུག་ཆེན་པོ་བྱེད་ཚུལ་བསྟན་ཡོད། དེ་སྔོན། ཧོ་ལན་དང་། པར་ཙིར། ཨ་མན་བཅས་ཀྱི་འཐུས་མི་ཚོགས་པ་ལྔས་སྤྱི་ཟླ་༥པར་ཝུ་ཧན་གྱི་ཡུལ་དངོས་ནས་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འཕེལ་རིམ་ཐདཤེས་རྟོགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།