མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་གླེང་བ་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་གཅིག་སྤེལ་ཡོད། རྩོམ་ཡིག་ནང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར། ཐུན་མོང་གི་རང་བཞིན་དང་རང་སོའི་ཁྱད་ཆོས་ལྡན་པ་གཉིས་ཀྱི་འབྲེལ་བ་དང་། ཏང་འཛུགས་དང་ལས་སྒོའི་བར་གྱི་འབྲེལ་བ། དམིགས་འབེན་སྣེ་ཁྲིད་དང་གནད་དོན་ཁྲིད་ཕྱོགས་བར་གྱི་འབྲེལ་བ། སྒྲིག་གཞི་དང་ལམ་ལུགས་འཛུགས་པ་དང་། དོན་འཁྱོལ་ཐུབ་ནས་ཕན་འབྲས་ངོ་མ་ཐོན་པ་བྱེད་པ་བར་གྱི་འབྲེལ་བ། རྒྱུན་འཛིན་དང་གསར་གཏོད་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། དེའི་འགག་རྩ་ནི་དོན་འཁྱོལ་དམ་འཛིན་ནན་ཏན་བྱ་རྒྱུར་ཐུག་ཡོད། ང་ཚོས་འབྲེལ་བ་ཆ་ལྔ་པོ་དེ་དག་ཁྲོད་ཀྱི་མ་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་བྱེད་པར། འབྲེལ་བ་ཆ་རེ་རེ་ཐག་གཅོད་ཡག་པོ་བྱེད་དགོས་ལ། ཚད་རིག་དང་མཐུན་པའི་སྒོ་ནས་འབྲེལ་བ་ཆ་ལྔ་པོ་དེ་དག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཉམ་འདྲེས་མཉམ་མཐུད་དང་ཕན་ཚུན་སྐུལ་འདེད། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།