ཕུ་ཅིང་དང་ཨུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཆིས་ཞལ་པར་ཐོག་མ་བསྐྱོན་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཅིག་ཉིན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ཨུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིའི་བར་ཨུ་ཁེ་ལན་ཤར་ལྷོའི་ས་ཁུལ་གྱི་གནད་དོན་ཐད་ཞལ་པར་བསྐྱོན་གནང་ཡོད། འདི་ནི་འགོ་ཁྲིད་གཉིས་པོའི་བར་ཞལ་པར་བསྐྱོན་ནས་བཀའ་མོལ་གནང་ཐེངས་ཐོག་མ་རེད། ཁ་ལེ་མུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་ཡོངས་གྲགས་བྱས་པའི་གསལ་བསྒྲགས་ལྟར་ན། ཕུ་ཅིང་གིས་དེ་ཉིན་གདན་ཞུས་ལྟར་ཙེ་ལན་སི་ཅི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད། འགོ་ཁྲིད་གཉིས་པོས་ཨུ་ཁེ་ལན་གྱི་ཤར་ལྷོའི་ས་ཁུལ་གྱི་གནད་དོན་ཐད་གྲོས་མོལ་གནང་བ་མ་ཟད་ཨུ་རུ་སུ་དང་ཨུ་ཁེ་ལན་ཕྱོགས་གཉིས་པོས་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་གཏོང་རྒྱུ་སོགས་ཀྱི་དོན་དག་ཐད་གྲོས་བསྡུར་གནང་ཡོད། ཙེ་ལན་སི་ཅིས་སྤྱི་ཟླ་བདུན་པའི་ཚེས་བརྒྱད་ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག་བརྙན་མཐོང་ཞིག་བསྐུར་ནས་ཕུ་ཅིང་དང་པའེ་ཨུ་རུ་སུའི་རྒྱལ་ས་མིང་སེ་ཁེར་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་མ་ཟད་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ལྗར་མན་བཅས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གྲོས་མོལ་ནང་ཞུགས་རྒྱུའི་རེ་བ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།