ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གླེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔྱད་གླེང་ནང་། ཏང་ཀྲུང་དབྱང་གིས་སྐོང་ཚོགས་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྲོས་ཚོགས་ནི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་གསལ་འགྲེལ་ཞུས་པ་དང་། དུས་རབས་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལས་འགན་དང་གཙོ་གནད་ལས་དོན། འགག་རྩའི་བྱ་ཐབས་བཅས་ལ་གསལ་འགྲེལ་ཞུས་ནས་དུས་རབས་གསར་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འབད་འཐབ་བྱེད་ཡུལ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་མཛད་ཡོད་ཅེས་བསྟན་ཡོད།

དཔྱད་གླེང་ནང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ལས་ཁུངས་ཤིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་དམིགས་གསལ་གྱི་གནས་བབ་ལྡན་ཡོད། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་ཏང་ཡོངས་ལ་ཏན་ཏིག་ངང་སྤེལ་བའི་དུས་སྐབས་འདིར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་དགོས་པ་དང་། འགན་འཁྲི་གཙོ་བོ་འཁུར་བ་དང་ལས་དོན་གཙོ་བོར་དམ་འཛིན་བྱེད་པ། བྱེད་པོ་ཡག་པོ་བྱེད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།