ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་པར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་པར་འགྲེམས་བྱས་པ་མ་ཟད་བརྡ་ཐོ་བཏང་ནས་ས་གནས་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱ་སྟོན་ཡོད།

བསམ་འཆར་ནང་། སྤྱི་ལོ་༢༠༢༢ལོར་སླེབས་དུས། ཤང་གྲོང་ལ་ཁེབས་པ་དང་། སྟབས་བདེ་ཞིང་ནུས་འབྲས་མཐོ་བ། ཀུན་ལ་ཕན་པ་ཐོབ་པ་བཅས་ཀྱི་དེང་རབས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱེད་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞི་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། ཞབས་ཞུའི་དྲ་བའི་སྒྲིག་ཆས་ཀུན་ལ་ཁྱབ་པ་དང་། མཉམ་སྦྲེལ་མཉམ་མཐུད་ཐུབ་པ་བྱེད་པ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱེད་པ། ཤང་གྲོང་གི་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་སྙོམ་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་དབང་བའི་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།