ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་གཏོད་དགོས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་དང་སེམས་ཤུགས་སྦྱིན་ཡོད།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་གནང་བ་དང་། དུས་རབས་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལས་འགན་དང་གཙོ་གནད་ལས་དོན། འགག་རྩའི་བྱ་ཐབས་བཅས་ལ་གསལ་འགྲེལ་གནང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུར་སྒོ་ཀུན་ནས་བཀོད་སྒྲིག་གནང་བ་བཅས་བྱས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་དང་མི་ལ་སེམས་ཤུགས་སྦྱིན་ཡོད་པས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་བེད་སྤྱད་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འབད་པ་ཆེན་པོས་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།

ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཚན་པའི་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཀྲུང་དབྱང་གིས་སྐོང་ཚོགས་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ནི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས་དེར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ལ་ལྟ་ཞིབ་བྱེད་པའི་ཆེད་དོན་ལས་ཁུངས་ཤིག་ཡིན་པས་ངེས་པར་ལྕགས་རྡུང་བར་རང་ཉིད་སྟོབས་དང་ལྡན་པ་དགོས་ཞེས་པའི་དཔེ་བཞིན་སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་དགོས་ཞེས་བསྟན་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་ཚན་པའི་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་དམིགས་གསལ་ཅན་གྱི་གནས་བབ་གལ་ཆེན་བཟུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པས་ང་ཚོའི་འགན་འཁྲི་ལྗི་པོ་ཡིན་པ་དང་། འོས་འགན་གཟི་བརྗིད་ཡིན་པའི་མྱོང་ཚོར་ཟབ་མོ་འདུག གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཀྲུང་གོ་དངུལ་ཁང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ང་ཚོའི་ཡན་ལག་ཚན་པ་གོ་ལ་ཧྲིལ་པོར་ཁྱབ་ཡོད་པས་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་ལས་འགན་ལྕི་བ་དང་འགན་འཁྲི་ཆེན་པོ་ཡོད། ངེས་པར་དུ་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་མཐོར་གཏོང་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་ཟུང་འབྲེལ་གྱིས་ལས་བཟོ་པའི་དཔུང་ཁག་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་བྱ་བཞག་ཁག་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་འགྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པས་ཏང་འཛུགས་སྐྱོང་གི་ལས་ཀའི་སྣང་ཚུལ་བཟང་པོ་ཞིག་ཆགས་ཡོད་པ་དང་། གོམ་སྟབས་རྗེས་མར་ཏང་འཛུགས་སྐྱོང་ལས་དོན་ཁག་བདེ་བླག་ཡོང་ཕྱིར་རྨང་གཞི་སྲ་བརྟན་བཏིང་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་པར་འགན་འཁྲིའི་ལམ་ལུགས་ཀྱི་འགག་རྩར་དམ་འཛིན་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་ཤོར་ཡིན་པ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་ཐུབ་པ་ནི་འགན་འཛོལ་ཡིན་པ་བཅས་བརྟན་པོར་ངེས་ཏེ་མུ་མཐུད་བློ་སེམས་གཅིག་སྒྲིལ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།

ཀྲུང་གོ་རིག་རྩལ་ལྷན་ཚོགས་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རིགས་གཞུང་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་། དོན་དངོས་དང་བསྟུན་པ། སེམས་ལ་ཟུག་པ་བྱེད་པ་བཅས་ཀྱིས་རིགས་གཞུང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་འགུལ་གྱི་སྒོ་ནས་འགན་འཁྲི་འཁུར་དགོས། ད་ལོ་ནི་ཀྲུང་གོ་རིག་རྩལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་ཁོར་བའི་ལོ་ཞིག་རེད། རིག་རྩལ་ལྷན་ཚོགས་ཀྱིས་ལས་འགན་ནན་ཏན་སྒྲུབ་པ་དང་། ཕྱོགས་ཁག་གི་རིག་རྩལ་ལས་དོན་པ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཧུར་བརྩོན་ཆེན་པོས་རིག་རྩལ་ལྷན་ཚོགས་འདི་ཉིད་ཁྱབ་རྒྱ་ཆེ་བ་དང་། གོང་བུ་འགྲིལ་ཤུགས་ཆེ་བ། དྲོ་སྐྱིད་དང་གཞི་མཐུན་བཅས་ཀྱི་རིག་རྩལ་ལས་དོན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་དགོས་ཞེས་གསུངས་ཡོད།

ཚོང་དོན་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ཚོང་དོན་པུའི་དོན་དངོས་དང་ཟུང་འབྲེལ་གྱིས་མི་འདང་བའི་ཆ་ཁ་གསབ་དང་། ཞན་ཆ་ལེགས་གཏོང་ལ་ཤུགས་སྣོན་བརྒྱབ་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབས་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་སློབ་དང་མཆན་འགོད་མཛུབ་སྟོན་དང་ཏང་ཀྲུང་དབྱང་གི་ཐབས་འཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་དང་། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བ་བྱ་རྒྱུ་སོགས་ཀྱི་ལས་འགན་ལ་ཁྱོན་ཡོངས་ནས་དམ་འཛིན་གྱིས་སྲུང་སྐྱོང་གཉིས་ཀྱི་ལས་དོན་ཁག་ལས་ཀའི་ཕན་འབྲས་ཁྲོད་ལེགས་པར་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

འཕྲལ་སྒྲུབ་དོ་དམ་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། སྲུང་སྐྱོང་གཉིས་ཀྱི་ཐོག་ཏུ་བློ་གཅིག་སེམས་གཅིག་གིས་ཤུགས་སྣོན་རྒྱག་རྒྱུ་དང་། སྲུང་སྐྱོང་གཉིས་ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་སྤྱོད་ཐོག་ལས་མཚོན་པར་བྱེད་རྒྱུ། འགན་སྒྲུབ་འགན་འཁུར་དང་རང་འགན་ལས་དོན་ལེགས་པོ་བསྒྲུབ་པའི་ཕན་འབྲས་ཐོག་ནས་མཚོན་པར་བྱེད་རྒྱུ་ཡིན། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དང་འཕྲལ་སྒྲུབ་དོ་དམ་ལས་དོན་ཟུང་སྦྲེལ་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་གཉིས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་ཞེས་གསུངས་པ་རེད།

ཀྲུང་དབྱང་རྩ་འཛུགས་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་གཉིས་སྦྲེལ་མཐུད་བྱས་ཐོག ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་བྱ་རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནད་དོན་གྱི་འཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་དང་། མི་རྣམས་ཀྱི་གོ་རྟོགས་སད་ཐུབ་པས། ང་ཚོས་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་གནད་དོན་ཐག་གཅོད་བྱེད་པ། གདུང་རྩེ་ནང་ལ་གཏད་དེ་རང་ངོས་གསར་བརྗེ་བྱེད་རྒྱུའི་དཔའ་སྟོབས་ཡོད་དགོས་པ་དང་། གནད་འགག་སེལ་རྒྱུ་དང་མི་འདང་བའི་ཆ་གསབ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་། བྱམས་པ་ཚེ་རིང་། སྤེན་པ་རྒྱ་མཚོ།