ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་བཞིན་པའི་སྐབས། ས་གནས་ཁག་གི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་མཐིལ་རྟོགས་པ་ལེན་པ། སློབ་སྦྱོང་ངོ་མ་བྱེད་པ་དང་ཡིད་ཆེས་ངོ་མ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། རྒྱལ་ཡོངས་ས་གནས་ཁག་གི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་མཐིལ་རྟོགས་ལེན་པ། སློབ་སྦྱོང་ངོ་མ་བྱེད་པ་དང་ཡིད་ཆེས་ངོ་མ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

ཉེ་བའི་ཉིན་གཉིས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་བཅོ་ལྔའི་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་དེ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་གནས་ཀྱི་ལས་སྒོའི་ལག་རྩལ་གྱི་འགྲན་བསྡུར་ཆེན་མོའི་བྱེད་སྒོ་སྤེལ་ནས། ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བ་བྱས་ཡོད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ཐན་ལིད་ཡིས། སྦྱངས་པ་གོ་ཆོད་པ་དང་སྦྱངས་པ་བྱ་སྤྱོད་ལ་འགྱུར་རྒྱུར་སྣང་ཆེན་བྱས་ཏེ། མཚོ་སྔོན་གྱི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་གནས་ཀྱི་རྩལ་ནུས་ཆུ་ཚད་ཁྱོན་ཡོངས་ནས་གོང་མཐོར་འགྲོ་བ་བྱེད་པ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་ཞབས་ཞུའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་ཞུ་སྔར་ལས་ལྷག་པ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཧུའུ་ནན་ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མི་དམངས་མང་ཚོགས་ནས་དོ་ཁུར་ཆེ་ཤོས་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཀྱི་གནད་དོན་འགོ་འཛུགས་སར་བྱས་ཏེ། ད་ལོ་ནས་བཟུང་ཞིང་ཆེན་དེ་ཡོངས་ཀྱི་མཛེས་ལྗོངས་ཁུལ་33གྱི་སྤ་སེའི་རིན་གོང་དམའ་རུ་བཏང་བ་དང་། མཛེས་ལྗོངས་ཁུལ་16གི་ཆ་སྦྱོར་ཞབས་ཞུའི་རིན་གོང་དམའ་རུ་བཏང་བ། གསར་སྣོན་བྱས་པའི་མཛེས་ལྗོངས་ཁུལ་6རིན་པ་སྤྲོད་མི་དགོས་པར་ཕྱི་ཕྱོགས་སུ་སྒོ་དབྱེ་བྱས་ཡོད། ཧུའུ་ནན་ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་རིན་གོང་བསྡུ་བའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧེ་པེ་ཡིས། མ་གནས་དམའ་རུ་གཏོང་བ་དང་འགྲོ་གྲོན་གཙང་སེལ་བྱེད་པ་ནི་མིག་སྔར་རིན་གོང་ལས་དོན་གྱི་དོན་ཆེན་ཨང་དང་པོ་དེ་ཡིན། ང་ཚོས་བྱ་ཐབས་སྣ་ཚོགས་བཟུང་སྟེ་མ་གནས་དམའ་རུ་གཏོང་བ་དང་འགྲོ་གྲོན་གཙང་སེལ་གྱི་བྱ་ཐབས་དེ་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཧྥུ་ཅན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་དཔལ་འབྱོར་འབྲེལ་གཏུག་པུའུ་ཡིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཚོང་ཚོགས་སྒྲིག་འཛུགས་སྔར་བས་མང་བ་དབུལ་གྲོལ་འགག་གཏོར་དམག་འཐབ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། ཧྥུ་ཅན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་དཔལ་འབྱོར་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཤང་ཏུང་གིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པའི་འཕེལ་རིམ་ཁྲོད་གསར་བརྗེའི་རྟེན་གཞི་རྙིང་ཁུལ་དང་སུའུ་ཝེ་ཨེད་ས་ཁུལ་གཅིག་ཀྱང་མི་ལུས་པ་འགན་ལེན་བྱ་རྒྱུ་དེ་འགན་འཁྲིར་བརྩི་བ་དང་། དམངས་གཉེར་ཁེ་ལས་ནས་གསར་བརྗེའི་རྟེན་གཞི་རྙིང་ཁུལ་དང་སུའུ་ཝེ་ཨེད་ས་ཁུལ། དབུལ་ཕོངས་གྲོང་ཚོ། དབུལ་ཕོངས་མང་ཚོགས་བཅས་ཀྱི་དཀའ་ངལ་དངོས་ལ་དོ་ཁུར་བྱས་ཏེ། ཞིབ་ཚགས་སྒོ་ནས་རོགས་སྐྱོར་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།