རྒྱལ་ཁབ་འགའ་ཤས་ཀྱིས་རིགས་གཅིག་མཁས་པས། ཨ་རིའི་ད་ཐེངས་ཀྱི་མ་རུངས་པའི་བྱེད་ཐབས་འདིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་གསུངས།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་རྒྱལ་དོན་ཁང་གིས་ཉིན་ཤས་གོང་ཐའེ་ཝན་ལ་སྤྱིའི་རིན་གོང་ཨ་སྒོར་དུང་ཕྱུར་༢༢དང་བྱེ་བ་གཉིས་ཀྱི་གོ་མཚོན་ཚོང་རྒྱུར་ཆོག་མཆན་བཀོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་འགའ་ཤས་ཀྱིས་རིགས་གཅིག་མཁས་པས། ཨ་རིའི་ད་ཐེངས་ཀྱི་མ་རུངས་པའི་བྱེད་ཐབས་འདིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པས། ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད། ཐའེ་ཝན་ལ་མཚོན་ཆ་བྲིན་ཚོང་བྱས་པ་དེས་ཀྲུང་གོར་ཚད་བཀག་བྱེད་རྒྱུའི་རེ་ངན་བཅངས་ཡོད། འོན་ཀྱང་མཐའ་མར་རྦད་དེ་རེ་མེད་འགྱུར་རྒྱུ་རེད་ཅེས་གསུངས་པ་རེད།

ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གནད་དོན་གྱི་རིགས་གཅིག་མཁས་པ་ཁ་ཧྲེན་གྱིས། ཉེ་བའི་ལོའི་ནང་ཨ་རིས་ཀྲུང་གོའི་སྲིད་གཞུང་གིས་རྒོལ་གཏམ་བཏང་བ་སྣང་མེད་དུ་བཞག་པ་དང་། ཐའེ་ཝན་ལ་མཚོན་ཆ་བྲིན་ཚོང་བྱེད་པ་དེ་རྒྱུན་ལྡན་ཅན་དུ་འགྱུར་བ་ཞེས་པའི་རེ་ངན་བཅངས་པ་ཞིག་ཡིན། ཨ་རིས་རེས་སྐོར་གསར་པའི་ཐའེ་ཝན་ལ་མཚོན་ཆ་བྲིན་འཚོང་བྱེད་པ་དེས་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་ཅེས་གསུངས་པ་རེད།

པ་ཙེར་གྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་སིས། ཨ་རིས་ཐའེ་ཝན་ལ་མཚོན་ཆ་བྲིན་འཚོང་བྱས་པ་དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པའི་མ་རུང་པའི་བྱེད་ཐབས་ཤིག་ཡིན་པས། ཨ་རིའི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་ཁས་ལེན་ཐེངས་མང་བྱས་པ་དང་རྒྱབ་འགལ་ཚབས་ཆེན་ཕྱིན་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་འཛིན་ས་དང་རྒྱབ་འགལ་ཚབས་ཆེན་ཕྱིན་ཡོད། ཚང་མས་ཤེས་གསལ་ལྟར། ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན། ཨ་རིའི་ཕྱོགས་ནས་གལ་སྲིད་ཐའེ་ཝན་གནད་དོན་ཐད་ལ་ཐེ་ཇུས་བྱས་ཚེ། མཐའ་མར་ལྐུགས་པས་སྤྱང་སྤྱོད་བྱས་ན། མངོན་གསལ་གཞན་ལས་དོད་པ་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན་ཞེས་གསུངས་པ་རེད།

ལྗར་ཕན་ཕུ་ཅིང་རྫོང་བཙུགས་སློབ་གྲྭ་ཆེན་མོའི་མཚན་འཛིན་དགེ་རྒན་ཆེན་མོ་བ་ལིང་ཤིང་ཀོང་གིས། ཨ་རིའི་རྒྱལ་དོན་ཁང་གིས་ཐའེ་ཝན་ལ་མཚོན་ཆ་བྲིན་འཚོང་བྱ་རྒྱུའི་ཆོག་མཆན་བཀོད་པ་དེ་ནི་ཨ་རིའི་སྲིད་གཞུང་གིས་ཀྲུང་གོའི་སྲིད་གཞུང་ལ་སླར་ཡང་འཁྲུག་རྐྱེན་བསླངས་པ་ཞིག་ཡིན། ཨ་རིའི་སྲིད་གཞུང་གི་བྱེད་ཐབས་འདི་རིགས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཕན་མེད་ཀྱི་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་དང་། ཀྲུང་གོ་དང་དེ་བཞིན་འཛམ་གླིང་ཐོག་གི་ཞི་བདེ་ལ་དགའ་བའི་མི་ཚང་མས་དོན་དེར་རྒོལ་གཏམ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།