མ་ཀྲའོ་ཞུས་ཀྱིས་ཀྲུང་གོས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་པ་མེད་པར་བཟོ་བའི་བྱེད་ཐབས་བཟུང་བ་དེས་ནུས་ལྡན་གྱི་སྒོ་ནས་འཇིགས་སྐུལ་བྱ་སྤྱོད་ཡང་སེ་ཐོན་པའི་གནས་བབ་ལ་ཚད་བཀག་ཐེབས་ཡོད་གསུངས།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོའི་འཐུས་མི་མ་ཀྲའོ་ཞུས་ཀྱིས། ཀྲུང་གོས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་པ་མེད་པར་བཟོ་བའི་བྱེད་ཐབས་བཟུང་བ་དེས་ནུས་ལྡན་གྱི་སྒོ་ནས་འཇིགས་སྐུལ་བྱ་སྤྱོད་ཡང་སེ་ཐོན་པའི་གནས་བབ་ལ་ཚད་བཀག་ཐེབས་ཡོད་པ་དང་། ཚད་གཞི་ངེས་ཅན་གྱི་ཐོག་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་གནས་དབང་ཆ་དང་གོང་འཕེལ་དབང་ཆ་སོགས་གཞི་རྩའི་ཁེ་དབང་ལ་འགན་སྲུང་ཐུབ་ཡོད་ཅེས་གསུངས་པ་རེད།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛུགས་སྐྲུན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་བྱས་ཉེས་གསོག་པའི་གནད་དོན་དང་འབྲེལ་བ་ཡོད་རིགས་ཐད་ལ་ཡོངས་བསྒྲགས་བཤེར་རྩོད་ཚོགས་འདུ་སྐོང་འཚོགས་བྱས་པ་རེད། མ་ཀྲའོ་ཞུས་ཀྱིས་གཏམ་བཤད་སྤེལ་སྐབས། ཀྲུང་གོ་ནི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་འཚེ་ཕོགས་མཁན་ཞིག་ཡིན། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་དངོས་ཡོད་ཉེན་ཁར་ཕྱོགས་སྐབས། ཀྲུང་གོས་འཕྲལ་ཐག་ཆོད་པའི་སྒོ་ནས་བྱེད་ཐེབས་བཟུང་བ་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་པ་མེད་པར་བཟོ་བའི་བྱེད་ཐབས་བཟུང་བཞིན་ཡོད། ཀྲུང་གོས་འཇིག་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྐྱོད་པ་མེད་པར་བཟོ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་མིའི་གཞི་རྩའི་དབང་ཆར་སྲུང་སྐྱོབ་བྱེད་པའི་དམིགས་འབེན་དང་རྩ་དོན་དང་ཡོངས་སུ་མཐུན་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།