རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རིན་གྱིས་དབྱི་རན་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་ལག་ལེན་བསྟར་བའི་འབྲེལ་ཡོད་གནད་དོན་ཐད་ལ་གྲོས་ཞིབ་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་ཝེ་ཡ་ནཱ་རུ་དམིགས་བསལ་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། དབྱི་རིན་གྱིས་དབྱི་རན་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་ལག་ལེན་བསྟར་བའི་འབྲེལ་ཡོད་གནད་དོན་ཐད་ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གོ་དང་ཨ་རི། ཨུ་རུ་སུ། དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་༣༥ཚོགས་འདུར་ཞུགས་ཡོད་པ་དང་། དབྱི་རིན་དང་ཡོ་རོབ་མནའ་འབྲེལ་སོགས་ཀྱི་འཐུས་མིས་ཀྱང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའི་དམག་དཔུང་ཚོད་འཛིན་སིའི་སི་ཀྲང་པོ་ཙུང་གིས་ཚོགས་པར་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་དམིགས་བསལ་གྲོས་ཚོགས་དེ་ནི་ཨ་རིའི་བླང་བྱ་ལྟར་སྐོང་འཚོགས་བྱས་པ་ཞིག་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།