དབྱི་རན་གྱིས་སྔར་བཞིན་ཉིང་རྡུལ་གནད་དོན་ལ་དམིགས་ནས་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུར་རྣམ་པ་ཡག་པོ་བཟུང་ཡོད་པ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་དབྱི་རན་གསར་འགྱུར་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་ཕྱི་འབྲེལ་པུས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་རན་གྱིས་སྔར་བཞིན་ཉིང་རྡུལ་གནད་དོན་ལ་དམིགས་ནས་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུར་རྣམ་པ་ཡག་པོ་བཟུང་ཡོད་ཅེས་བཤད་ཡོད་པ་རེད།

དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབས་པ་མུའུ་ས་ཝེས་གསལ་བསྒྲགས་ནང་དུ། དབྱི་རིན་གྱིས་ཉིང་རྡུལ་གནད་དོན་ཐད་ཛ་དྲག་གི་གནས་བབ་བཟུང་རྒྱུའི་རེ་བ་བཅངས་ཀྱི་མེད། ཡོ་རོབ་རྒྱལ་ཁབ་ཀྱིས་གལ་སྲིད་མིག་སྔའི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་བསམ་ན། ཛ་དྲག་གནས་བབ་ཀྱི་འབྱུང་རྩ་ནས་ཐག་གཅོད་བྱེད་རྒྱུའི་འོས་འགན་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།