ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་གཞུ་ཟམ་གྱི་གྲུབ་ཆ་གཙོ་བོ་འབྲེལ་མཐུད་ཟིན་ནས་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས་སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་གཞུ་ཟམ་གྱི་གྲུབ་ཆ་གཙོ་བོ་འབྲེལ་མཐུད་ཟིན་ནས་ཟམ་ཆེན་བསྐྲུན་པར་དུས་མཚམས་རང་བཞིན་གྱི་འཕེལ་རིམ་གལ་ཆེན་བྱུང་ནས་2019ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་མཚོན་ཡོད། ཁྲི་ཧྲུའེ་གཙང་པོ་རྒྱུག་ཁུལ་གྱི་གྲུ་ཁ་ཟམ་པར་བསྒྱུར་བའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཟམ་པ་དེ་བསྐྲུན་རྗེས་ཞིང་ཆེན་གསུམ་པོའི་འབྲེལ་མཚམས་ཁུལ་གྱི་མང་ཚོགས་ཁྲི་བཅུ་གྲངས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས་ཨུའུ་མོང་རི་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན།