མོ་ཁེར་གྱིས་ཆབ་སྲིད་ཐབས་ལམ་བརྒྱུད་ཚེ་གཞི་ནས་སི་རི་ཡའི་གདོང་གཏུག་ཐག་གཅོད་ཐུབ་ཀྱི་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱིས་རྨང་གཞི་བྱས་པའི་ཆབ་སྲིད་འཕེལ་རིམ་བརྒྱུད་ཚེ་གཞི་ནས་སི་རི་ཡའི་ཁྲག་དོན་གདོང་གཏུག་མཇུག་འགྲིལ་གྱི་ཡོད། ཆབ་སྲིད་འཕེལ་རིམ་གྱིས་སི་རི་ཡའི་མི་དམངས་དང་དམག་འཁྲུག་གི་ཟིང་ཆའི་ཁྲོད་ནས་བྲོས་བྱོལ་དུ་སོང་བའི་སི་རི་ཡའི་ཉམ་ཐག་མི་སེར་ལ་གོ་སྐབས་སྤྲོད་ཐུབ་པ་དང་ཁོང་ཚོར་རང་དབང་གི་འདེམས་བསྐོ་བརྒྱུད་རང་ཉིད་རྒྱལ་ཁབ་ཀྱི་མ་འོངས་པའི་ཆབ་སྲིད་གཏན་འཁེལ་བྱེད་འཇུག་དགོས་ཀྱི་ཡོད། ད་ལྟ་འཕེལ་རིམ་དེ་ཧ་ཅང་འགོར་དྲག་ཡོད་པས་འཇར་མན་གྱིས་མུ་མཐུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སི་རི་ཡའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།