དབྱི་རན་གྱི་དམག་ཕྱོགས་ཀྱིས་སྣུམ་འདྲེན་གྲུ་གཟིངས་བཀག་ཉར་བྱས་པའི་དོན་གཞིའི་ཐད་ལན་ཆ་བྱ་རྒྱུ་ཡིན་ཞེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱི་རན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པ་པ་ཀེ་ལིས་སྤྱི་ཚེས་༩ཉིན་ཏེ་ཧི་ལན་དུ། དབྱི་རན་གྱིས་དུས་ཚོད་དང་ས་ཆ་འཚམ་པོ་ཞིག་ལ་ག་ལེའི་ཚེ་རྟགས་ཅན་དང་པོའི་སྣུམ་འདྲེན་གྲུ་གཟིངས་བཀག་ཉར་བྱས་པའི་དོན་དེའི་ཐད་ལན་ཆ་བྱེད་རྒྱུ་ཡིན་ཞེས་བཤད་འདུག

གནས་ཚུལ་སྤེལ་བར་གཞིགས་ན། པ་ཀེ་ལིས་ཉིན་དེ་རང་ལ་ཏེ་ཧི་ལན་དུ་བྱེད་སྒོ་ཞིག་ལ་ཞུགས་སྐབས་དབྱིན་ཇིའི་མཚོ་དམག་གིས་རྒྱལ་སྤྱིའི་མཚོ་ཁོངས་སུ་དབྱི་རན་གྱི་སྣུམ་འདྲེན་གྲུ་གཟིངས་ཁྲིམས་འགལ་ཐོག་ནས་བཀག་ཉར་བྱས་པར་སྐྱོན་འཛུགས་བྱས་ཡོད་པ་མ་ཟད་དབྱིན་ཇི་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་དབྱི་རན་གྱིས་ཟླ་བ་གོང་མར་དབྱི་རན་གྱི་མངའ་ཁོངས་ས་ཆའི་མཁའ་དབྱིངས་སུ་འཛུལ་བའི་ཨ་རིའི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་གཏོར་ལྷུང་བྱས་པར་འཁོན་ལན་སློག་པ་ཞིག་རེད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།