ཁཱ་ས་པུའུ་ལན་ག་རྒྱལ་སྤྱིའི་མཐོ་སློབ་ཀྱི་ཟློས་གར་དུས་ཆེན་མོ་རོ་ཁོར་མཇུག་འགྲིལ་བ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་མོ་རོ་ཁོའི་གྲོང་ཁྱེར་ཆེ་ཤོས་ཁཱ་ས་པུའུ་ལན་གར་དུས་ཡུན་ཉིན་དྲུག་ཡིན་པའི་ཁཱ་ས་པུའུ་ལན་ག་རྒྱལ་སྤྱིའི་མཐོ་སློབ་ཀྱི་ཟློས་གར་དུས་ཆེན་སྐབས་31པ་མཇུག་འགྲིལ་བ་རེད།

ཁཱ་ས་པུའུ་ལན་ག་རྒྱལ་སྤྱིའི་མཐོ་སློབ་ཀྱི་ཟློས་གར་དུས་ཆེན་དེ་ཁཱ་ས་པུའུ་ལན་ག་ཧཱ་སང་ཁྲི་ཐོག་གཉིས་པའི་སློབ་ཆེན་གྱི་རྩོམ་རིག་དང་མི་ཆོས་རིག་གནས་ཚན་རིག་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་ལོ་རེར་ཐེངས་རེ་གཉེར་གྱི་ཡོད། སྐབས་འདིའི་ཟློས་གར་དུས་ཆེན་གྱིས“ཟློས་གར་དང་འགྱུར་ལྡོག”བརྗོད་དོན་གཙོ་བོར་བྱས་པ་མ་ཟད། ཧྥ་རན་སེས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བྱས་པ་དང་ཆབས་ཅིག་འཇར་མན་དང་། དབྱི་ཐ་ལི། ཡུག་རེན། ཨ་རི། ཧན་གོ་སོགས་རྒྱལ་ཁབ་ཀྱི་ཟློས་གར་སློབ་གླིང་གི་དགེ་སློབ་གདན་ཞུས་ལྟར་ཞུགས་ཡོད་པ་རེད།