ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྟེ། ད་ལྟའི་གནས་བབ་དང་མདུན་ལྗོངས་ཞེས་པའི་ཞིབ་བསྡུར་ཚོགས་འདུ་ཤང་ཀང་དུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྟེ། ད་ལྟའི་གནས་བབ་དང་མདུན་ལྗོངས་ཞེས་པའི་ཞིབ་བསྡུར་ཚོགས་འདུ་ཤང་ཀང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་སྐུ་མགྲོན་གྱིས་ཀྲུང་གོ་དང་ཨ་རིའི་དབར་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཉོ་ཚོང་གི་དབྱེ་འབྱེད་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། མཉམ་ལས་བྱས་ཚེ་གཞི་ནས་མཉམ་རྒྱལ་ཡོང་ཐུབ། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་ན་ཡང་། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱ་རྒྱུར་སྔར་བཞིན་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་ཉོ་ཚོང་དང་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། དེ་ནི་སྤྱི་ཟླ་༧ཚེས་༩ཉིན་ཤང་ཀང་དུ་སྐོང་འཚོགས་བྱས་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྟེ་ ད་ལྟའི་གནས་བབ་དང་མ་འོངས་པ་རྒྱང་ལྟ་ཞེས་པའི་ཞིབ་བསྡུར་ཚོགས་འདུའི་ཐོག ཀྲུང་གོ་དང་ཕྱི་རྒྱལ་ཚོགས་ཞུགས་མི་སྣའི་ཐུན་མོང་གི་སེམས་སྒྲ་ཞིག་ཡིན་པ་རེད།

ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་དཔོན་ཙེང་ཕེ་ཡན་གྱིས། ཨ་རིའི་ཕྱི་ཕྱོགས་ཉོ་ཚོང་གི་གཏོང་ཉུང་ཡོང་མང་ཆགས་པར་ཕྱི་རོལ་ཡུལ་གྱི་ལྡོག་ཐབས་མེད་པའི་རང་བཞིན་ཡོད་པ་དང་། ཨ་རིས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་བྱེད་པའི་ཁྲོད་གྱོང་གུན་ཕོག་མེད། ཡིན་ནའང་རྒྱལ་ཁབ་དང་། ཁེ་ལས། ཁྱིམ་ཚང་སོགས་ཚན་པ་ཁག་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་རག་ཡོད་ཅེས་ནན་སྟོན་གནང་ཡོད།

ལྗར་པན་གྱི་དེ་སྔའི་དབུ་བཞུགས་བློན་ཆེན་ཧྥུ་ཐན་ཁང་ཧྥུ་ཡིས་གཏམ་བཤད་གནང་སྐབས། དཔལ་འབྱོར་ཉོ་ཚོང་གི་འགན་ཟླ་ནི་དཔལ་འབྱོར་གོང་འཕེལ་ཁྲོད་འགོག་ཐབས་མེད་པ་ཞིག་ཡིན་ཞིང་། ཕྱོགས་གཉིས་པོས་ཁྱོན་ཡོངས་ཀྱི་འདུ་ཤེས་འཛིན་ནས་བཀོད་ཇུས་བྱེད་དགོས། གལ་ཏེ་ཐག་གཅོད་ཡག་པོ་ཐུབ་ཚེ། ཕྱོགས་གཉིས་པོའི་ངོས་ནས་བཤད་ན་ཡར་རྒྱས་འགྲོ་བའི་གོ་སྐབས་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།

ཨ་རིའི་སྲོལ་རྒྱུན་ཐེབས་རྩ་ལྷན་ཚོགས་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཧྥུ་དབྱི་འར་ན་ཡིས། ཀྲུང་གོ་དང་ཨ་རིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་བསྐྱར་བཟོ་དང་ཇེ་ཡག་ཏུ་གཏོང་རྒྱུ་དེ་ཐུན་མོང་གི་དམིགས་འབེན་དུ་རྩིས་ནས། དཔལ་འབྱོར་ཉོ་ཚོང་གི་དབྱེ་འབྱེད་གྲོས་མོལ་དེ་དམིགས་འབེན་སྒྲུབ་པའི་གོ་སྐབས་སུ་རྩིས་དགོས། ཨ་རིས་ངེས་པར་དུ་ཀྲུང་གོའི་དང་མཉམ་འགུལ་བྱེད་པའི་བྱ་ཐབས་ལེགས་སྒྲིག་ནུས་ལྡན་བྱ་དགོས་ཞེས་བསྟན་པ་དང་། ཁོང་གིས་ཕྱོགས་གཉིས་པོས་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆབས་ཅིག གྲོས་འཆམ་བྱུང་བའི་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

ཚོགས་ཞུགས་སྐུ་མགྲོན་གྱིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་མཇལ་མོལ་ནང་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད་པ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་དཔལ་འབྱོར་ཉོ་ཚོང་གི་དབྱེ་འབྱེད་གྲོས་མོལ་སླར་གསོ་བྱ་རྒྱུའི་མོས་མཐུན་བྱས་ཡོད་པས། དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གོམ་སྟབས་རྗེས་མའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།